རྒྱལ་ཁབ་ནགས་ཚལ་རྩྭ་རིགས་ཚན་རྩལ་འཆད་ཁྲིད་ཁང་ཆེན་མོ་མཚོ་སྔོན་དུ་གཉེར་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན“ཚན་རྩལ་གྱིས་བྱང་གསུམ་ལས་གཞིར་རམ་འདེགས་བྱས་ནས་དུས་རབས་གསར་པའི་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ”བརྗོད་བྱ་གཙོ་བོར་བྱས་པའི“རྒྱལ་ཁབ་ནགས་རྩྭ་ཚན་རྩལ་འཆད་ཁྲིད་ཁང་ཆེན་མོ”ཐེངས་ཞེ་གཉིས་པའི“རྒྱལ་ཁབ་ནགས་ཚལ་རྩྭ་ཚན་རྩལ་འཆད་ཁྲིད་ཁང་ཆེན་མོ”ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རུ་གཉེར།

འཆད་ཁྲིད་ཁང་ཆེན་མོས་ཚན་རྩལ་གྱིས་བྱང་གསུམ་ལས་གཞིར་འདེགས་སྐྱོར་བྱེད་པར་དམིགས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལ་ཡུན་རིང་གཞོལ་བའི་ཆེད་མཁས་པ4གདན་དྲངས་ནས།“དུས་སྐབས་གསར་པའི་རང་རྒྱལ་གྱི་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་ལག་རྩལ་དང་རྣམ་པ”“ཐན་ཁུལ་གྱི་བྱེ་ཐང་བཅོས་སྐྱོང་ལག་རྩལ་དང་རྣམ་པ”“མདོ་དབུས་མཐོ་སྒང་གི་རྩྭ་ཐང་སྐྱེ་ཁམས་ཏེ་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་ལག་རྩལ”“ཞན་འགྱུར་མཐོ་གྲང་རྩྭ་ཐང་ཉམས་གསོ་བཅོས་སྐྱོང་བྱེད་སྟངས”སོགས་ཀྱི་ནང་དོན་ལ་དམིགས་ནས“བྱང་གསུམ”ལས་གཞིའི་འདུ་ཤེས་གསར་པ་དང་། ལག་རྩལ་གསར་པ། བྱ་ཐབས་གསར་པ་བཅས་བརྒྱུད་ཁྲིད་བྱས་ནས་གསར་གཏོད་འདུ་ཤེས་དང་འགག་རྩའི་དངོས་སྤྱོད་ལག་རྩལ་གཞི་རིམ་དུ་བསྐྱལ་བ་དང་ ནགས་རྩྭ་ཚན་རྩལ་གྲུབ་འབྲས་བསྒྱུར་བའི“མཐའ་མའི་སྤྱི་ལེ་གཅིག”ཐག་གཅོད་ནུས་ལྡན་བྱས་ནས།  བྱང་གསུམ་འགག་སྒྲོལ་དམག་འཁྲུག་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པར་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་བསྣན་ཡོད།

ཉིན་དེར་དྲ་ཐོག་ཐད་གཏོང་ལ་རྒྱལ་ཡོངས་ཀྱི་ནགས་རྩྭ་ལས་གཉེར་པ་དང་། གཞི་རིམ་ཆེད་ལས་ལག་རྩལ་མི་སྣ། རྒྱ་ཆེའི་རོང་འབྲོག་པ་བཅས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱས་ནས་དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི57ཟིན་ནས་དྲ་ཐོག་དང་ཡུལ་དངོས་ནས་དུས་མཉམ་དུ་སློབ་ཁྲིད་དང་དུས་ཐོག་ཏུ་མཉམ་འགུལ་ཐུབ་ཡོད།

ཞིང་ཆེན་ནགས་རྩྭ་ཅུའུ་ཚན་རིག་ལག་རྩལ་དང་ཕྱི་ཕྱོགས་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཧོང་ཝུན་མེ་ཡིས“ནགས་རྩྭ་མཐོ་གསར་ལག་རྩལ་མཚོ་སྔོན་དུ་སྐྱོད”ཅེས་པའི་བྱེད་སྒོ་གོ་སྐབས་སུ་བྱས་ནས། “བྱང་གསུམ”ལས་གཞིའི་འགག་སྒྲོལ་དམག་འཐབ་ཀྱི་ལས་འགན་དམིགས་ཚད་གཙོ་བོར་དམིགས་ནས་ཕྱི་ཕྱོགས་སུ་བསྐྱོད་ནས་ནང་འདྲེན་དང་། ཤར་ནུབ་མཉམ་ལས་དང་ནགས་རྩྭ་ཚན་རྩལ་མཉམ་ལས་ལས་ཁུངས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་འགག་སྒྲོལ་མཉམ་དུ་སྤེལ་བ་དང་།  ནགས་རྩྭ་འཕྲུལ་ཆས་ཅན་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་ནགས་རྩྭ་ཚན་རྩལ་གྱིས་བྱང་གསུམ”ལས་གཞིའི་སྤུས་ཚད་མཐོ་བར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་པ་འདོན་སྤེལ་ཏན་ཏིག་བྱ་རྒྱུ་རེད།

སློབ་ཁྲིད་ཁང་ཆེན་པོ་དེ་རྒྱལ་ཁབ་ནགས་རྩྭ་ཅུའུ་ཚན་རྩལ་སིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་སྒྲུབ་འགན་འཁུར་བ། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་གི་སྐྱེ་དངོས་ཞིབ་འཇུག་སུའོ་དང་། ཅང་ཤིས་ཞིང་ཆེན་ནགས་ལས་ཚན་རྩལ་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོ་ལྟེ་གནས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དོ་དམ་ལས་བྱེད་པའི་སློབ་གླིང་བཅས་ཀྱིས་གཞོགས་འདེགས་བྱས་ནས་གཉེར།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།