རང་ཞིང་གིས་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2024ལོ་ནས2026ལོ་བར)》(གཤམ་དུ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 《བྱ་སྤྱོད་ཇུས་གཞི》ཡི་ནང་མཐོ་སྒང་གི་ཁྱད་ལྡན་རྒན་གསོ་ཞབས་ཞུའི་མཚོ་སྔོན་གྱི་དཔེ་མཚོན་གཏོད་པར་དམིགས་ཏེ། མ་འོངས་བའི་ལོ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་ལས་དོན་གྱི་སྤྱིའི་བླང་བྱ་དང་། གཙོ་གནད་ལས་འགན། འགན་ལེན་བྱེད་ཐབས་བཅས་བཏོན་ནས་རྒན་གསོའི་ཞབས་ཞུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་གཅོག་པར་ཧུར་ཐག་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་ཆེད་སྲིད་ཇུས་ཀྱི་བརྩི་སྲུང་མཁོ་འདོན་བྱས་ཡོད།

《བྱ་སྤྱོད་ཇུས་གཞི》ཡི་ནང“རྒན་པར་གསོ་སྐྱོང་ཡོད་པ་དང་། རྒན་པར་སྨན་བཅོས་ཡོད་པ། རྒན་པར་བྱས་རྗེས་ཡོད་པ།  རྒན་པར་སློབ་སྦྱོང་ཡོད་པ། རྒན་པར་སྤྲོ་སྣང་ཡོད་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་ནས། རྒན་གསོ་ཞབས་ཞུའི་ཁྱབ་ཁོངས་ཀྱི“བྱ་སྤྱོད་ཆེན་པོ་དགུ”ལག་བསྟར་ཁ་གསལ་བྱས་ཡོད། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཀྱིས་བསམ་བློ་མཐོ་རུ་གཏོང་བའི་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ནུས་ལྡན་ངང་ཁྱབ་པའི་བྱ་སྤྱོད་ཏན་ཏིག་སྤེལ་བ། ལས་ཁུངས་ཀྱི་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ཏན་ཏིག་སྤེལ་བ། རོང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུའི་ཞན་ཆ་གསབ་པའི་བྱ་སྤྱོད་ཏན་ཏིག་སྤེལ་བ། རྒན་གསོ་ཞབས་ཞུའི་དཔུང་ཁག་འཕར་ཚད་དང་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ཏན་ཏིག་སྤེལ་བ། སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་དམ་ཚགས་བྱས་ནས་ཕན་འབྲས་ཐོན་འཕེལ་གྱི་བྱ་སྤྱོད་ཏན་ཏིག་སྤེལ་བ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཏན་ཏིག་སྤེལ་བ། “དངུལ་སྐྲའི་དཔལ་འབྱོར་”སྐྱོན་བྲལ་ངང་གོང་དུ་སྤེལ་བའི་བྱ་སྤྱོད་ཏན་ཏིག་སྤེལ་བ། རྒན་རྒོན་གྱི་ཁོར་ཡུག་ཇེ་ལེགས་མཐོར་འདེགས་བྱ་སྤྱོད་ཏན་ཏིག་སྤེལ་བ། རྒན་གསོ་ཞབས་ཞུའི་ཁྲོད་ཀྱི་ཁྱིམ་ཚང་གི་རྨང་གཞིའི་ནུས་པ་འདོན་སྤེལ་བྱས་ནས། ཁྱིམ་ཚང་གི་ཁོངས་མིས་རང་རྟོགས་ངང་རྒན་གསོའི་འོས་འགན་བསྒྲུབ་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཁྱིམ་ཚང་གི་ལྟ་སྐྱོང་བྱེད་མཁན་རྒན་གསོའི་ལྟ་སྐྱོང་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁྱབ་ཁོངས་སུ་བཅུག་ནས། རྒན་རྒོན་གྱི་ལྟ་སྐྱོང་ནུས་པ་ཆེ་རུ་གཏོང་རོགས་བྱ་དགོས། རྒན་གསོའི་དྲིལ་སྒྲོག་དང་སློབ་གསོའི་བྱེད་སྒོ་སྤེལ་ནས་རྒན་གསོའི་དཔེ་བཟང་ཁྱིམ་ཚང་དང་། རྒན་གསོའི་སྔོན་ཐོན་མི་སྒེར་ལ་ཞབས་འདེགས་ཞུ་བ། རྒན་གསོའི་ཕུལ་བྱུང་རྩ་འཛུགས་བཅས་ཀྱི་དྲིལ་་སྒྲོག་སྤེལ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་དགོས་པ་བཏོན་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།