ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་བའི་ལས་དོན་གྲུབ་འབྲས་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་པ་དང་། གཟབ་ནན་ནས་མགོ་རྩོམ་པ་དང་ཕྱོགས་ཡོངས་ནས་གཟབ་ནན་བྱེད་པ། གཟབ་ནན་སྒོས་མཐའ་འཁྱོལ་བར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་འཇོན་ནུས་ཇེ་དྲག་ཏུ་གཏོང་བ། འབད་བརྩོན་ལྷོད་མེད་དང་སྲོལ་བཟང་སྒྲིག་དམ་སྒོས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་ནན་ཏན་གཏོང་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ། ཁྲེན་ཀང་གིས་ཡུལ་དངོས་སུ་སློབ་གྲྭའི་སློབ་ཁྲོད་གསོ་སྦྱོང་དང་སློབ་མའི་དོ་དམ། འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། སློབ་སྒྲུབ་ལས་བཟོ་པས་སློབ་ཁྲིད་གསོ་སྦྱོང་ཁྲོད་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ་དང་། ནུས་པ་གསོ་སྐྱོང་ལ་མཐོང་ཆེན་བྱེད་པ། སློབ་མའི་དགོས་མཁོ་དང་ཟུང་འབྲེལ་སྒོས་སློབ་ཁྲིད་བཀོད་སྒྲིག་ལེགས་སྒྱུར་བྱས་ནས། གསོ་སྦྱོང་ཕན་འབྲས་མཐོར་འདེགས་དགོས་པའི་བཀའ་མངགས་གནང་། སློབ་གྲྭའི་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་བའི་ལས་དོན་འཕེལ་འགྲོས་གནས་ཚུལ་ལ་གསན་རྗེས། ཁྲེན་ཀང་གིས། བཟང་བཏུང་གནད་དོན་ནི་ཏང་གི་སྤྱོད་ཚུལ་དང་སྣང་བརྙན་ལ་འབྲེལ་ཡོད་པ་དང་། ཏང་གི་སློབ་གྲྭ་ནི་རིམ་པ་སོ་སོའི་ལས་བྱེད་པའི་ཏང་གཤིས་སྦྱོང་བརྡར་གྱི་བཞུ་སྦྱོང་ཆེན་མོ་ཞིག་ཡིན་པས། སྒྲིག་སྲུང་ཁྲིམས་བརྩིའི་རྒྱུད་སྐུད་སྔར་ལས་དམ་པོར་སྡོམ་དགོས་ལ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་ལམ་འདུ་ཤེས་བརྟན་པོར་བསྐྱེད་པར་སློབ་གསོ་སྣེ་ཁྲིད་བྱེད་དགོས། ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པའི་ལས་དོན་བླང་བྱ་ལག་ལེན་དུ་ནན་མོར་བསྟར་བ་དང་། མི་བཟང་རིང་ལུགས་ཀྱི་བསམ་བློ་འགོག་པ། སྲོལ་བཞི་ཡོ་བསྲང་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། སློབ་གྲྭས་དོ་དམ་བྱེད་ཐུབ་པ་དང་དོ་དམ་ལེགས་པོ་བྱེད་པ། དོ་དམ་བྱས་ནས་གྲུབ་འབྲས་འབྱུང་དུ་འཇུག་དགོས། དར་ཆ་གསལ་པོ་སྒོས་སྲོལ་ངན་སྤྱོད་ངན་དང་སྣང་ཚུལ་ངན་པར་འཐབ་རྩོད་བྱེད་པ་དང་། འགན་འཁྲི་རིམ་པ་ནས་རིམ་པར་ནན་མོར་འཛིན་པ། གནོན་ཤུགས་རིམ་པ་ནས་རིམ་པར་བརྒྱུད་སྤྲོད་བྱས་ཏེ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། མཁས་དབུགས་ནན་མོ་བཅས་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཟི་ལིང་སྲིད་གཙང་སློབ་གསོ་ལྟེ་གནས་སུ། ཁྲེན་ཀང་གིས་ཡུལ་དངོས་དང་པོའི་ལས་དོན་མི་སྣར་གཟིགས་སྐྱོང་གནང་བ་དང་། གྱོད་དོན་ཞིབ་བཤེར་ཐག་གཅོད་དང་སྤྱོད་ངན་རུལ་སུངས་མཉམ་བཤེར་ལས་དོན་གྱི་སྐུལ་འདེད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། ཞིང་ཆེན་སྒྲིག་ཨུའི་ལྟ་ཨུའི་ལས་དོན་དོན་སྙན་ཞུ་ལ་གསན་ནས། ཁོང་གིས་ཏང་གི་སྒྲིག་ཁྲིམས་མདུན་དུ་དམིགས་བསལ་ཏང་ཡོན་གཅིག་ཀྱང་མེད། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་བའི་སློབ་གསོ་བཅོས་སྐྱོང་གིས་ཞིང་ཆེན་ཡོངས་སུ་སྟོབས་དང་ལྡན་པའི་ཟིལ་གནོན་ནུས་པ་བཏོན་ཡོད་ཀྱང་། སྒྲིག་འགལ་བཟའ་བཏུང་སོགས་བཅོས་དཀའི་གཅོང་ནད་འདིའི་རྙོག་འཛིང་རང་བཞིན་དང་དཀའ་ཁག་རང་བཞིན། ཡུན་རིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། མི་ལ་ཕོག་ཐུག་གཏོང་བར་མི་སྐྲག་པ་དང་ཁ་སྨྲས་སྣ་ཚོགས་ལ་མི་འཇིགས་པ། ཞྭ་བསྐོན་པར་མི་དངངས་པའི་དཔའ་སྤོབས་དང་ཆོད་སེམས་ལ་བརྟེན་ནས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་འགོག་རགས་མཐའ་གཅིག་ཏུ་བརྟན་པོར་བརྩིག་དགོས། སྒྲིག་བཤེར་ལྟ་རྟོག་གི་ལས་གནས་འགན་འཁྲི་ལ་བློ་དཀར་པོས་ལག་ཏུ་བསྟར་བ་དང་། སྒྲིག་བཤེར་ལྟ་རྟོག་ལས་བྱེད་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱོད་ཚུལ་གནད་དོན་གྱི་མངོན་ཚུལ་གསར་པ་དང་འགྱུར་ལྡོག་གསར་པར་ནན་ཏན་གྱིས་དབྱེ་ཞིབ་དང་བརྡར་གཅོད་བྱེད་པ། ཁྲིམས་དང་སྒྲིག་ལམ་ལྟར་ལས་གནས་དབང་ཆ་ལག་བསྟར་བྱས་ཏེ། གྱོད་དོན་སྒྲུབ་པའི་བདེ་འཇགས་ཀྱི་ཚེ་སྲོག་རྒྱུད་སྐུད་འདི་བརྟན་པོར་བསྲུང་དགོས། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་སྒོས། ལྟ་སྐུལ་ཞུ་གཏུག་བརྒྱུད་ལམ་རྒྱ་སྐྱེད་པ་དང་། སྤྱོད་ངན་རུལ་སུངས་མཉམ་བཤེར་མཉམ་བཅོས་ཇེ་དྲག་ཏུ་གཏོང་བ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་བ་གཏིང་ཟབ་ཏུ་སྤེལ་བ། སྒྲིག་འགལ་ཁྲིམས་འགལ་རྒྱལ་ལོག་གི་འགན་འཁྲི་དང་སྤྱོད་ཚུལ། རུལ་སུངས་སོགས་ཀྱི་གནད་དོན་ཟབ་མོར་སྔོག་ཅིང་ཞིབ་མོར་རྟོག་པའི་སྒོ་ནས། སྤྱོད་བཟང་སྒྲིག་དམ་སྒོས་རུལ་སུངས་ལ་རྒོལ་བའི་གོམ་མཚམས་མི་འཇོག་པ་དང་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་བཏང་ལྷོད་གཏོང་མི་རུང་ཞེས་ནན་གྱིས་བསྟན།
ལིའུ་མའེ་ཕིན་དང་ཀྲའོ་ཡུའེ་ཞ་རྟོག་ཞིབ་ལ་ཞུགས། །
རྩོམ་སྒྲིག་པ། ཁོན་ཐར་འཚོ།