ཟླ6པའི་ཚེས6ཉིན། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་སློབ་མའི་མི་གྲངས་བསྡོམས་པའི་ཁྲི6.56ལ་ཟིན་ཞིང་།(དེའི་ནང་རྐྱང་རྒྱུགས་རྐྱང་བསྡུ་ཚུད།) རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ནང་ཞུགས་མཁན་སློབ་མ་ཁྲི5.21ཟིན། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམསརྒྱུགས་ཁུལ34དང་རྒྱུགས་སྤྲོད་ས་ཚིགས52། རྒྱུགས་ར1797བཅས་བཙུགས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་མང་པོས་མཉམ་འགུལ་ངང"བདེ་འཇགས་མཐོ་རྒྱུགས"ལ་མཐུན་རྐྱེན་ལེགས་པོ་བསྐྲུན།