མང་རྫོང་གིས་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་སྐབས་ཀྱི་གློག་ཤུགས་མཁོ་སྤྲོད་བདེ་འཇགས་ལ་འགན་ལེན་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཐོ་རྒྱུགས་ཐོན་ལ་ཉེ་དུས། གློག་འདོན་ཁོངས་གཏོགས་ཀྱི་མཐོ་རྒྱུགས་ས་ཚིགས་ཁག་གི་བདེ་འཇགས་དང་བརྟན་ལྷིང་གི་གློག་སྤྱོད་ལ་འགན་ལེན་བྱ་ཆེད།    རྒྱལ་ཁབ་གློག་དྲ་མང་རྫོང་གློག་འདོན་ཀུང་སིས་སྲིད་གཞུང་དང་།    སློབ་གསོ་སྡེ་ཚན།    སློབ་གྲྭ་བཅས་དང་འབྲེལ་གཏུག་བྱས་ནས། འཐུས་སྒོ་ཚང་བའི་གློག་འདོན་འགན་ལེན་རྩ་འཛུགས་དང་ལས་ཀའི་ལམ་སྲོལ་བཙུགས་ཏེ་མཐོ་རྒྱུགས་སྐབས་ཀྱི་གློག་ཤུགས་མཁོ་སྤྲོད་བདེ་འཇགས་ལ་འགན་ལེན་བྱས་ཡོད།  

གློག་འདོན་ཀུང་སིའི་ལས་མི་སློབ་ཁུལ་ཁག་གི་རྒྱུགས་སྤྲོད་ས་ཚིགས་སུ་བསྐྱོད་དེ་གློག་ཆས་ཁང་དང་ལྟ་སྐུལ་ཚོད་འཛིན་ཁང་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་གློག་སྤྱོད་ཀྱི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་བྱས་པ་རེད།     ཁོ་ཚོས་རྒྱུགས་སྤྲོད་ས་ཚིགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས“སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག”གི་འགན་ལེན་ཇུས་གཞི་སྤྱད་དེ་རྒྱུགས་སྤྲོད་ས་ཚིགས་ཁག་གི་གློག་འདོན་ཞབས་ཞུའི་ཆེད་མངགས་འགན་འཁུར་ཁ་གསལ་དང་གློག་མཁོ་འདོན་ཞབས་ཞུའི་འགན་ལེན་མ་ལག་འཐུས་ཚང་དུ་བཏང་།     དེ་དང་ཆབས་ཅིག་གློ་བུར་བའི་གནས་ཚུལ་ལ་དམིགས་ནས་གློག་འདོན་རླངས་འཁོར་དང་སློབ་གྲྭའི་སྒྲིག་ཆས་སྦྲེལ་མཐུད་སྙོམས་སྒྲིག་ཚོད་ལྟ་ལེགས་པོ་བྱས་ནས། མཐོ་རྒྱུགས་སྐབས་གློག་འདོན་སྡེ་ཚན་གྱིས་ལས་རེས་ལ་ཤུགས་སྣོན་དང་གློག་དྲ་འཁོར་སྐྱོད་གནས་ཚུལ་ལ་གཟབ་ནན་བྱས་ཏེ་མཐོ་རྒྱུགས་ཀྱི་གློག་སྤྱོད་ལ་འཐུས་ཤོར་མེད་པའི་འགན་ལེན་བྱས་ཡོད།    

རྒྱལ་ཁབ་གློག་དྲ་མང་རྫོང་གློག་འདོན་ཀུང་སིའི་གློག་ཆས་ཞིབ་བཤེར་འཛིན་གྲྭའི་ཁོངས་མི་ལི་ཡ་ཧུང་གིས་བཤད་རྒྱུར། མཐོ་རྒྱུགས་ནི་སློབ་མ་ཚོའི་མི་ཚེའི་ཁྲོད་ཀྱི་དུས་སྐབས་གལ་ཆེན་ཞིག་ཡིན་ལ་ཁོ་ཚོའི་འབྱུང་འགྱུར་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད།    མཐོ་རྒྱུགས་རིང་གི་གློག་ཤུགས་མཁོ་སྤྲོད་བདེ་འཇགས་དང་བློས་འགེལ་ཆོག་པ་ནི་གློག་འདོན་སྡེ་ཚན་གྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན།    ང་ཚོས་ནུས་ཤུགས་ཡོད་རྒུས་གློག་ཤུགས་སྲུང་སྐྱོང་སྐུད་ལམ་གྱི་འགུལ་རྣམ་སྐོར་ཞིབ་ལ་ཤུགས་སྣོན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་གློག་འདོན་ལ་འགན་ལེན་ནུས་ལྡན་བྱས་ཡོད། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།