མང་རྫོང་སྤྱི་བདེ་ཅུའུ་ཡིས་རྒྱུགས་ཞུགས་སློབ་མའི་ཐོབ་ཐང་ལག་ཁྱེར་བསྐྱར་དུ་སྒྲུབ་པར་སྟབས་བདེ་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

 

2024ལོའི་མཐོ་རྒྱུགས་ཐོན་ལ་ཉེ་བའི་དུས། རྒྱུགས་ཞུགས་སློབ་མའི་དཔང་སྒྲུབ་ཀྱི་དགོས་མཁོ་སྐོང་ནས་རྒྱུགས་སྤྲོད་ལ་བདེ་བླག་གིས་ཞུགས་པར་འགན་སྲུང་བྱ་ཆེད།   མང་རྫོང་སྤྱི་བདེ་ཅུའུ་ཡིས་དེ་རིང་ནས་བཟུང་རྒྱུགས་སྤྲོད་མཇུག་སྒྲིལ་བའི་བར་རྒྱུགས་སྤྲོད་སློབ་མར་བདག་སྤྲོད་དང་།    ཞིབ་བཤེར།    ཐོབ་ཐང་ལག་ཁྱེར་བསྐྱར་སྒྲུབ་བྱེད་པ་བཅས་ཀྱི་ཞབས་ཞུ་ལག་བསྟར་བྱས་ཏེ། འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་རྒྱུགས་སྤྲོད་སློབ་མའི་སྡོད་དམངས་ཐོབ་ཐང་ལག་ཁྱེར་རེ་ཞུ་བྱེད་པའི་ཞབས་ཞུའི་ལས་དོན་ཏན་ཏིག་གིས་བསྒྲུབས་ནས་རྒྱུགས་སྤྲོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད།    

ཉེ་ཆར། མང་རྫོང་སྲིད་དོན་ཚོམས་ཆེན་གྱི་སྤྱི་བདེ་སྒེའུ་ཁུང་དང་མངགས་གཏོང་ཁང་སོ་སོའི་ཐེམ་ཐོའི་སྒེའུ་ཁུང་ན་ཐོབ་ཐང་ལག་ཁྱེར་སྒྲུབ་པར་ཡོང་བའི་སློབ་མ་ཚོ་གྲལ་སྒྲིག་ནས་ཡོད་ཅིང་།མི་དམངས་ཉེན་རྟོག་པས་ཁོ་ཚོར་ཡུལ་དངོས་སུ་རེ་ཞུ་དང་། ཞིབ་བཤེར་ཆོག་མཆན་བཀོད་པ།    ཆ་འཕྲིན་ཡར་སྤྲོད་སོགས་ཀྱི་གོ་རིམ་བརྒྱུད་དུས་ཚོད་ཐུང་ངུའི་ནང་རྒྱུགས་སྤྲོད་སློབ་མར་ལག་ཁྱེར་སྤྲོད་རྒྱུའི་འགན་ལེན་བྱས་ཡོད།    

མང་རྫོང་སྤྱི་བདེ་ཅུའུ་ཡི་ཐེམ་ཐོའི་སྒེའུ་ཁུང་གི་མི་དམངས་ཉེན་རྟོག་པ་མ་ཞའོ་ཡུའེ་ཡིས་བཤད་རྒྱུར། 2024ལོའི་མཐོ་རྒྱུགས་ཐོན་ལ་ཉེ་དུས།    མང་རྫོང་སྤྱི་བདེ་ཅུའུ་ཡིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་དམིགས་བསལ་དྲན་སྐུལ་བྱེད་རྒྱུ་ནི། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་བོར་བ་དང་། དུས་ལས་ཡོལ་བ། དུས་ལས་ཡོལ་ཉེར་ཡོད་པ།གཏོར་སྐྱོན་སོགས་ཀྱི་གནད་དོན་ཡོད་མེད་ལ་དུས་ཐོག་ཏུ་ཞིབ་བཤེར་བྱེད་དགོས།    གལ་ཏེ་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་སྒྲུབ་དགོས་ཚེ་ཐག་ཉེ་སའི་མངགས་གཏོང་ཁང་གི་ཐེམ་ཐོའི་སྒེའུ་ཁུང་ཡོད་སར་སོང་ན་ང་ཚོས་གནས་དེར་ཐོབ་ཐང་ལག་འཁྱེར་སྒྲུབ་པའི་ཆེད་དམིགས་ལས་སྒོ་བཙུགས་ཡོད།   

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།