ཉེ་བའི་ལོ་ཤས་རིང་།མང་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་ནན་ཏན་བྱས་ཏེ“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལོ་འཁོར་གྱི་འཆར་གཞི་ལྟར་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་།སྦགས་བཙོག་བཅོས་སྐྱོང་།སྐྱེ་ཁམས་ཉམས་གསོ་རྣམ་གྲངས་ལས་གྲྭ་ལག་བསྟར།ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་བྱེད་སྒོ་སྤེལ་བ།བྱེ་འགྱུར་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།
ད་ལྟ། རྫོང་མཁར་གྱི་གང་སར་སྔོ་ལྗང་གིས་ཁེངས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་སྡུག་གི་རྣམ་པ་ཞིག་མངོན་ཡོད།མ་འོངས་པར་མང་རྫོང་གིས་མུ་མཐུད་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་སྟེ།སྐྱེ་ཁམས་འཚོ་སྡོད་རུང་བ་དང་ཁོར་ཡུག་མཛེས་པའི་རྫོང་མཁར་ཧུར་ཐག་གིས་བསྐྲུན་ནས་མི་དམངས་མང་ཚོགས་ལ་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་གཏོད་རྒྱུ་ཡིན་པ་བརྗོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།