ཨ་མདོའི་བོད་རིགས་ཀྱི་རྒྱན་གོས་མཐོ་སྒང་རྐང་གྲུག་འགྲན་བསྡུར་ཡུལ་དངོས་སུ་མངོན་པ།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

---ཨ་མདོའི་བོད་རིགས་ཀྱི་རྒྱན་གོས་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་བསྡུར་ཡུལ་དངོས་སུ་མངོན་པ།

ཟླ6པའི་ཚེས2ཉིན། མཚོ་སྔོན་གྱི་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་བསྡུར་ལས་མཚོ་ལྷོའི་འགྲན་ཁུལ་གྱི་མགོ་རྩོམ་མཛད་སྒོའི་སྟེང་ཨ་མདོའི་བོད་རིགས་རྒྱན་གོས་ཀྱིས་ཡུལ་དངོས་ཀྱི་ལྟད་མོ་བ་དང་སྨྱན་སྦྱོར་མང་པོའི་ཡིད་དབང་བཀུག་པ་དང་། འཁྲབ་སྟོན་པ་རྣམས་ཀྱི་བསམ་པའི་ཉམས་འགྱུར་དང་ཤོམ་འགྲོའི་སྟངས་སྟབས་ཀྱིས་ཡུལ་དངོས་ལྟད་མོ་བར་མཐོང་ཚོར་རབ་ཏུ་རྒྱས་པའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།