ཏང་གི་སྒྲིག་ཁྲིམས་སློབ་གསོར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་ཆེད།ཉེ་ཆར།རྫོང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྒྲོག་འགྲེལ་ཚོགས་པ་ཐར་ཤུལ་ཞང་དུ་སོང་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ།ཐར་ཤུལ་ཞང་གི་ལས་ཁུངས་དང་།སྡེ་ཁུལ་ལས་བྱེད་ལས་བཟོ་བ།སྡེ་བའི“ཨུ་ལྷན་གཉིས”སྡེ་བ་ཁག་གི་ཧྲུའུ་ཅི་དང་པོ།གྲོང་གསེབ་དར་རྒྱས་གཏོང་བའི་མཛུབ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་།ས་ཚིགས་དང་སུའོ་ཁག་གི་ཏང་ཡོན་སོགས་ཁྱོན་མི70ལྷག་བྱེད་སྒོར་ཞུགས། 

སྒྲོག་འགྲེལ་ཚོགས་པས་དོན་དངོས་ཟུང་འབྲེལ་བྱས་ཏེ་གོ་བདེའི་ལམ་ནས《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སྒྲོག་འགྲེལ་བྱས་ཤིང་།ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་བསམ་བློའི་རང་རྟོགས་དང་།ཆབ་སྲིད་རང་རྟོགས།བྱ་སྤྱོད་རང་རྟོགས་ཇེ་དྲག་ཏུ་བཏང་ནས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལེགས་པར་སྤེལ་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་ཆབས་ཅིག་ཏང་ལ་བློ་དཀར་དང་ལངས་ཕྱོགས་བརྟན་པོ་ཡོང་དགོས་པ་དང་།རྩ་འཛུགས་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱེད་སྐབས་ཏང་གི་བཀོད་འདོམས་ལ་ཉན་དགོས་པ་དང་། ཏང་གི་མགོ་ཁྲིད་ལ་གཡོ་འགུལ་མི་ཡོང་བ་མཐའ་འཁྱོངས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ།ཆབ་སྲིད་ཀྱི་ཕུགས་བསམ་བརྟན་པོར་འཛུགས་པ།ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ཡང་དག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བྱེད་དགོས་པའི་རེ་བ་བཏོན། 

ཞང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་ལ་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ཏེ།སྒྲིག་ཁྲིམས་ཁག་དྲུག་གི་གཙོ་དོན་དང་དོན་སྙིང་བརྟན་པོར་འཛུགས་པ་དང་ཁོང་དུ་ཆུད་པར་བྱས་ནས་ལངས་ཕྱོགས་བརྟན་པོ་དང་།ཏང་ལ་ལྷག་བསམ་རྣམ་དག་བྱེད་པ།སྒྲིག་ཁྲིམས་སློབ་སྦྱོང་དང་།སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་གསལ་བོར་ངེས་པ་དང་།བླང་བྱ་སྔར་ལས་ནན་མོ་དང་།ཚད་གཞི་སྔར་ལས་མཐོ་བ།སྤྱོད་ཚུལ་སྔར་ལས་དོན་དངོས་བཅས་ཀྱིས་རྒྱུན་གཏན་གྱི་ལས་དོན་སྤེལ་ཏེ་ཐར་ཤུལ་ཞང་གི་ལས་དོན་ཁག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་སྐུལ་འདེད་གཏོང་རྒྱུ་ཡིན་པ་བརྗོད།   

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།