མང་རྫོང་བྱིས་སྐྱོང་གླིང་གསུམ་པས་དྲུག་གཅིག་ལ་གྲ་སྒྲིག་བྱེད་ཀྱིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ནི་བྱིས་པ་ཚོའི་ཆེས་རེ་སྒུག་བྱེད་ཀྱིན་པའི་དུས་ཆེན་ཞིག་ཡིན།     དེ་བས་མང་རྫོང་བྱིས་སྐྱོང་གླིང་གསུམ་པའི་ན་ཆུང་གྲོགས་པོ་ཚོས་ལེ་ཚན་ལ་སྦྱོང་བརྡར་ཧུར་ཐག་བྱས་ནས་དྲུག་གཅིག་ལ་གྲ་སྒྲིག་བྱེད་བཞིན་ཡོད། མང་རྫོང་བྱིས་སྐྱོང་ཁང་གསུམ་པའི་གྲོགས་པོ་ཆུང་ཆུང་ཚོས་དགེ་རྒན་གྱི་མཛུབ་སྟོན་འོག་ཚོ་ཆུང་འགའ་རུ་བགོས་ནས་གླུ་གཞས་དང་ཞབས་བྲོ་སོགས་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ལེ་ཚན་སྦྱོང་བརྡར་བྱེད་བཞིན་ཡོད།དགའ་སྤྲོ་དང་འཛུམ་མདངས་ཀྱིས་བརྒྱན་པའི་བྱིས་པ་ཚོའི་གདོང་ལས་ཁོ་ཚོར་ཆད་སྣང་སྤུ་ཙམ་ཡང་མེད་པ་གསལ་བོར་རྟོགས་ཐུབ།  

སྦྱོང་བརྡར་སྐབས།    དགེ་རྒན་དང་གྲོགས་པོ་ཆུང་ཆུང་ཚོས་མཉམ་དུ་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ཞབས་བྲོའི་འགུལ་སྟངས་རེ་རེ་བཞིན་ཡང་དང་བསྐྱར་དུ་སྦྱོང་བརྡར་བྱས་པར་བརྟེན་སྔོན་དཔག་གི་ཕན་འབྲས་ཐོན་ནས།   དགེ་སློབ་ཚོས་ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་རྣམ་པ་གང་ལེགས་ཀྱིས་མངོན་ཡོད།     

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།