གཙང་འགྲམ་གཞིས་ཁུལ་གྱི་དྲོད་འདོན་སྦུག་ལམ་གསར་བརྗེ་སྒྱུར་བཀོད་བྱས་ནས་སྡོད་དམངས་ཀྱི་དྲོད་འདོན་སྤུས་ཚད་ཇེ་མཐོར་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཁར་གྲོང་གི་དྲོད་འདོན་སྤུས་ཚད་ཇེ་མཐོར་བཏང་སྟེ་མཁར་ཁུལ་གྱི་དྲོད་འདོན་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་ཆེད།ཉེ་ཆར།མང་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་གཙང་འགྲམ་གཞིས་ཁུལ་དུ་དྲོད་འདོན་རིམ་པ་གཉིས་པའི་སྦུག་དྲ་རྙིང་བ་གསར་བརྗེ་སྒྱུར་བཀོད་ལས་གྲྭ་སྤེལ་ནས་ཁྱིམ་ཚང1000ལྷག་གི་སྡོད་དམངས་ཀྱི་དྲོད་འདོན་སྤུས་ཚད་ཇེ་མཐོར་བཏང་།    ཐེངས་འདིའི་སྒྱུར་བཀོད་རིམ་སྤོར་བྱས་པ་ནི་སྦུག་ལམ་རྙིང་བ་གསར་བརྗེ་བྱས་ནས་དྲོད་འདོན་བྱས་ཏེ།མང་རྫོང་གི་སྦུག་དྲར་གནོད་སྐྱོན་མི་ཤོར་བ་དང་རྒྱུག་ཚད་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་དྲོད་འདོན་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་དྲོད་འདོན་སྦུག་ལམ་གྱི་མངོན་མེད་རྐྱེན་ངན་ཇེ་ཉུང་དུ་བཏང་ཡོད། 

མཚོ་སྔོན་མའེ་ཁྲེང་ཨར་ལས་ཚད་ཡོད་ཀུང་ཟིའི་ལས་གཞིའི་འགན་འཁུར་བ་ཀྲང་གོ་ཝུའེ་ཡིས་བཤད་རྒྱུར། གཙང་འགྲམ་གཞིས་ཁུལ་གྱི་དྲོད་འདོན་སྦུག་ལམ་གསར་བརྗེ་ལས་གྲྭའི་སྒྱུར་བཀོད་དུས་ཚོད་ནི་ཟླ5པའི་ཚེས12ཉིན་ནས་ཟླ7པའི་ཚེས15ཉིན་བར་ཡིན། གཙོ་བོ་རྙིང་འགྱུར་དང་རུལ་བསླད་ཐེབས་པའི་དྲོད་འདོན་སྦུག་ལམ་དང་སྒྲིག་ཆས་གསར་བརྗེ་བྱེད་པ་དང་།སྦུག་ལམ་གསར་བརྗེ་བྱས་རྗེས་ཁྱིམ་ཚང1000ལྷག་དང་སྨི་གྲུ་བཞི་མ72000ལྷག་གི་དྲོད་འདོན་སྤུས་ཚད་ཇེ་མཐོར་བཏང་ཡོད། 

དྲོད་འདོན་ནི་དམངས་ཚིས་ལས་གྲྭ་གལ་ཆེན་ཞིག་ཡིན་ལ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ལས་གྲྭ་ཞིག་ཀྱང་ཡིན།དྲོད་འདོན་དྲ་བ་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་བཏང་བ་བརྒྱུད་དྲོད་འདོན་གྱི་བདེ་འཇགས་འགན་ལེན་ནུས་པ་དང་དྲོད་འདོན་མ་ལག་གི་བདེ་འཇགས་རང་བཞིན་ཇེ་ཆེར་བཏང་ནས་ལས་འཛོལ་ཐོན་པའི་ཉེན་ཁ་ཇེ་ཆུང་དང་དྲོད་འདོན་མ་ལག་འཁོར་སྐྱོད་ཀྱི་ལས་ཕྱོད་ཇེ་ཆེར་བཏང་།      

མང་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲུའུ་ཡན་གྱིས་བཤད་རྒྱུར། རྫོང་མཁར་གྱི་རིམ་པ་གཉིས་པའི་དྲོད་འདོན་སྦུག་དྲའི་སྐྱེལ་འདྲེན་ནུས་པ་ཅུང་དམའ་བ་དང་དྲོད་འདོན་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས།མང་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་དྲོད་འདོན་ལས་དོན་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མ་དངུལ་སྒོར་བྱེ་བ4ས་ཡ1འབུམ9ཁྲི8ལྷག་རེ་ཞུ་བྱས་པ་དང་།ལས་གཞི་ལག་བསྟར་བྱེད་རིང་ངེད་ཅུའུ་ཡིས་སྡེ་ལས་ཀུང་སི་དང་།གློག་ཤུགས་ཀུང་སི།སྡེ་ཁུལ།རང་འབབ་ཆུ་ཀུང་སི་སོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ནས“ཉིན་གཅིག་ལ་བཀོད་གཏོང་དང་གཟའ་འཁོར་རེར་སྐུལ་འདེད་གཏོང་བའི”བྱ་བའི་ལམ་སྲོལ་བཙུགས་ནས་སྦུག་དྲ་སྒྱུར་བཀོད་ཀྱི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས་ལས་གཞི་དེ་ཟླ9པའི་ཟླ་མཇུག་སྔོན་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་དང་།རྣམ་གྲངས་ལེགས་གྲུབ་བྱུང་རྗེས་རིམ་པ་གཉིས་པའི་དྲོད་འདོན་སྦུག་དྲའི་དྲོད་འདོན་ནུས་པ་ཇེ་ཆེར་གཏོང་ཐུབ།རྗེས་མར་ངེད་ཅུའུ་ཡིས་མཁར་གྲོང་དང་གྲོང་རྡལ་གྱི་རིམ་པ་དང་པོའི་དྲོད་འདོན་སྦུག་དྲ་བ་སྒྱུར་བཀོད་དང་དྲོད་འདོན་ཁྲོ་ཐབ་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྒྱ་ཆེའི་སྡོད་དམངས་ལ་དྲོད་འདོན་གྱི་སྤུས་ཚད་ལ་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན།        

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།