མཚོ་སྔོན་སློབ་ཆེན་དང་རྐང་ཚ་རྫོང་གིས་བོད་ལུག་ལག་རྩལ་གཞན་སྒྱུར་གྱི་གྲོས་མཐུན་གན་རྒྱ་བཞག་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཉེ་སྔོན། མཚོ་སྔོན་སློབ་ཆེན་བོད་ལུག་ཐོན་ལས་ཚན་རྩལ་གསར་གཏོད་ཚོགས་པ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡིས་བོད་ལུག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལག་རྩལ་གཞན་སྒྱུར་གྱི་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་པ་དང་།སྔར་ལས་ལྷག་པར་རྐང་ཚའི་བོད་ལུག་མིང་རྟགས་ཀྱི་སྐད་གྲགས་མཐོར་འདེགས་སུ་གཏོང་བ་དང་ཤུགས་རྐྱེན་སྔར་བས་ཆེ་རུ་འགྲོ་བར་སྐུལ་འདེད་བྱས་པ་བརྒྱུད། སྡེ་བའི་ཐུན་མོང་གི་དཔལ་འབྱོར་དང་རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་སློབ་ཆེན་བོད་ལུག་ཐོན་ལས་ཚན་རྩལ་གསར་གཏོད་ཚོགས་པས་ལོ་བཅུ་ལྷག་ལ་ཚན་རིག་ཞིབ་འཇུག་བྱས་པ་བརྒྱུད“རྒྱུ་ཆ་ལེགས་པོ་སྡེབ་པ་དང་། བོད་ལུག་གསོ་སྤེལ་བྱེད་པ། ལུག་ཤ་སྤུས་ལེགས་ཐོན་སྐྱེད་བྱེད་པ། རིན་གོང་ལེགས་པོ”བཅས་ཀྱི་བོད་ལུག་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས། ཞིབ་འཇུག་གསར་སྤེལ་བྱས་པའི“བོད་ལུག་ཁྲག་དམར་རྒྱུ”དང“བོད་ལུག་ཁྲག་ཐིད་མང”སོགས་ཐོན་རྫས་ཀྱིས་ཐེངས་འདིའི་གན་རྒྱ་བཞག་པ་གོ་སྐབས་སུ་བྱས་ནས། རྐང་ཚ་རྫོང་མཚོ་སྐོར་ཞིང་འབྲོག་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིར་བོད་ལུག་ལས་སྣོན་ཞིབ་ཚགས་དང་རིན་ཐང་མཐོ་བའི་བེད་སྤྱོད་ཐོན་རྫས་ཐོན་སྐྱེད་བྱེད་རོགས་བྱས་ཏེ། རྐང་ཚའི་བོད་ལུག་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་། རྐང་ཚ་རྫོང་གིས“ཐོན་ལས་སྦྲེལ་ཐག་དང་ཤེས་ལྡན་མི་སྣའི་སྦྲེལ་ཐག”གི་འཕེལ་རྒྱས་རྣམ་པ་མཐའ་འཁྱོངས་བྱས་ནས།“བློ་གྲོས་གཙང་གསུམ་དང་མཚོ་སྔོན་གསར་པར་རོགས་སྐྱོབ”ཀྱི་ཤེས་ལྡན་མི་སྣའི་རྣམ་གྲངས་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ནང་ཧུར་ཐག་སྒོས་ཞུགས་པ་དང་། ཕྱུགས་ལས་ཆེད་ལས་ཤེས་ལྡན་མི་སྣར་གན་རྒྱ་བཞག་ནས་སྲིད་ཇུས་དང་བྱེད་ཐབས་སོ་སོ། རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་བྱེད་པ་སོགས་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་ཐབས་ལམ་གསར་པ་གཏོད་པ་དང་དུས་མཚུངས་སུ། རྐང་ཚའི་བོད་ལུག་མིང་རྟགས་ཀྱི་སྐད་གྲགས་མཐོར་འདེགས་སུ་གཏོང་བ་དང་ཤུགས་རྐྱེན་ཆེ་རུ་ཕྱིན་ནས། ཕན་འབྲས་ཡོད་པའི་སྒོ་ནས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་དང་རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་སྐྱེད་པ་རེད།  །  

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།