མདའ་བཞི་རྫོང་གིས་གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་བསྡུར་དཔྱད་ཞིབ་ལེགས་འཛིན་བྱས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། བྱ་བའི་ཉམས་མྱོང་སྤྱི་བསྡོམས་བྱེད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གིས“བཀོད་སྒྲིག་དང་གོ་རིམ། དག་ཐེར་ལེགས་བཅོས་བཅས་ལེགས་འཛིན་བྱེད་པའི”འགྲོ་རིམ་གསུམ་གྱི་འཐབ་ཇུས་བརྒྱུད། ཏང་རྩ་འཛུགས་ཀྱི་ཡིག་ཐོག་གི་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་ནན་དཀྲི་བྱས་ཏེ། “འགན་འཁྲི་དང་པོ”དངོས་འབེབས་དང་གཞི་རིམ་གྱི་རྨང་གཞི་བརྟན་པོར་གཏོང་བའི“རྒྱུགས་ལན”སྤྲད།

སེམས་རྣལ་མོས་འཆར་འགོད་དང་ལས་འགན་སྒྲུབ་ཚུལ་གསལ་ཞུའི“ཚད་མཐའ”བརྟན་པོར་བསྲུངས་ཏེ། “དོན་འཁྱོལ་ནུས་ལྡན”ཡོང་བར་འགན་སྲུང་བྱས།《2023ལོའི་ལོ་འཁོར་མོའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་གཞི་རིམ་ཏང་འཛུགས་སྐྲུན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་བསྡུར་དཔྱད་ཞིབ་བྱ་བ་ལེགས་འཛིན་བྱེད་པའི་གྲོས་གཞིཞིབ་འཇུག་དང་སྒྲིག་བཟོ་བྱེད་པ་དང་། ཏང་གི(ལས་དོན)བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི་ཚང་མ་གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་བསྡུར་དཔྱད་ཞིབ་བྱ་བའི་ཁྲོད་འཇོག་པ། “གསལ་ཞུ་གཅིག་དང་དཔྱད་བསྡུར་གཅིག”གི་རྣམ་པ་བརྒྱུད། གཙོ་གནད་འཛིན་པ་དང་དཀའ་གནད་བཤད་པ་རྒྱུན་འཁྱོངས་དང་། རྫོང་ཡོངས་ཀྱི་ཏང་གི(ལས་དོན)བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི10ཡིས་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་པའི་ནང་དོན་ལ་དམིགས་ནས། ཡུལ་དངོས་སུ་རེ་རེ་བཞིན་གསལ་ཞུ་བྱས་ཏེ། གཙོ་གནད་འབུར་དུ་དོད་ཅིང་ཞིབ་མོ་སྒོས་བཤད།

འགྲོ་རིམ་ནན་མོ་དང་ལས་འགན་སྒྲུབ་ཚུལ་གསལ་ཞུའི“ཐག་པ”ཚགས་དམ་བཟོས་ཏེ། “ཐད་ཀར་དུ་ལྟེ་བར་ཐུག་པར”འགན་སྲུང་བྱས། གཞི་རིམ་ཏང་གི་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་ནན་མོ་ལྟར། ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་པའི་ལྷང་ངེ་ས་འབུར་དུ་དོད་པ་དང་གནད་དོན་ཞིབ་ཕྲར་བཏང་བའི་ཁར། ཐབས་ལམ་ཇེ་གསལ་དུ་བཏང་། ཚོགས་འདུ་གྲོལ་རྗེས་ཏང་གི(ལས་དོན)བྱ་བའི་ཨུ་ལྷན10ལ་དཔྱད་འཇོག་བསམ་འཆར་བཏོན་ཏེ། གསལ་ཞུ་བྱེད་སྟངས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འགན་སྲུང་བྱས་ཤིང་། ཞང་གྲོང་ཏང་ཨུ6དང་ཏང་གི(ལས་དོན)བྱ་བའི་ཨུ་ལྷན4ལ་མཚན་སྙན“ལེགས་པོ”ཐོབ།

ཕན་འབྲས་ལ་བརྟེན་ནས་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་པའི“སྡོམ་ཐག”ལེགས་པོར་བསྡམས་ཏེ། “གྲུབ་འབྲས་མངོན་གསལ་ལྡན་པར”འགན་སྲུང་བྱས། ཏང་གི(ལས་དོན)བྱ་བའི་ཨུ་ལྷན་སོ་སོས་དག་ཐེར་ལེགས་བཅོས་གྲོས་གཞི་སྒྲིག་བཟོ་གཏན་འབེབས་བྱེད་པར་སྐུལ་འདེད་དང་། དག་ཐེར་ལེགས་བཅོས་ཀྱི་རྩིས་ཐོ་འཛུགས་པ།“གནད་དོན་ཞིབ་ཐོ”དེ“དག་ཐེར་ལེགས་བཅོས་ཞིབ་ཐོ”དང“འགན་འཁྲི་ཞིབ་ཐོ”རུ་བསྒྱུར་བ། དག་ཐེར་ལེགས་བཅོས་ཀྱི་དོན་ཚན23བཏོན་པ་དང་། དག་ཐེར་ལེགས་བཅོས་བྱེད་སྟངས60ལྷག་སྒྲིག་བཟོ་གཏན་འབེབས་བཅས་བྱས་ཏེ། ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་པའི་དཔྱད་ཞིབ་སྤུས་འབྲས་མཐོར་འདེགས་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས། དུས་བཅད་ལྟར“ཞིབ་ཐོ་གསུམ”གྱི་རྗེས་འདེད་གནད་དོན་དག་ཐེར་བྱས་པའི་གྲུབ་འབྲས་དང་ཏང་གི་འཛུགས་སྐྲུན་གྱི་འགན་འཁྲི་དངོས་འབེབས་གྲུབ་འབྲས་ལ་གཤིབ་བསྡུར་བྱས་ཏེ། དག་ཐེར་ལེགས་བཅོས་བྱེད་ཤུགས་མི་འདང་བའི་འབྲེལ་ཡོད་ཏང་གི(ལས་དོན)བྱ་བའི་ཨུ་ལྷན་གྱི་འགན་འཁུར་པ་གཙོ་བོར་ཁ་བརྡ་དང་གསལ་འདེབས་བྱས།།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།