《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་པའི་གསོ་སྦྱོང་འཛིན་གྲྭ་ལྷ་ས་ནས་བསྡུས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ5པའི་ཚེས27ཉིན། མི་རིགས་ཀྱི་རྩོམ་རིགདང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱིས་བསྒྲུབས་པའིམི་རིགས་ཀྱི་རྩོམ་རིགབོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་པའི་གསོ་སྦྱོང་འཛིན་གྲྭ་ལྷ་ས་གྲོང་ཁྱེར་ནས་བསྡུས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ལིའོ་ཉིང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཀྲུའུ་ཅིན་ལེ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོ་རུའེ། མི་རིགས་ཀྱི་རྩོམ་རིགགི་གཙོ་སྒྲིག་པ་གཞོན་པ་དབྱང་ཡུས་མེ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཚེ་རིང་ནོར་བུ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཕུན་ཚོགས་བཀྲ་ཤིས། ཡུན་ནན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ལི་ཅང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ལུའུ་རུའོ་ཏི་ཅི་སོགས་འབྲེལ་མགོ་ཁྲིད་དང་། བུ་ཚེ་རིང་རྒན་པ་དང་རེ་རྐང་གླིང་། ལྷ་གཡང་ནོར་བུ། སྦྲ་ནག་པ། མདའ་བཙན་པོ། ཚེ་དབང་རྣམ་རྒྱལ་སོགས་ཞིང་ལྗོངས་ལྔའི་རྩོམ་པ་པོ་དང་ལོ་ཙཱ་པ40ལྷག་ཞུགས།

གསོ་སྦྱོང་འཛིན་གྲྭ་ཚོགས་པའི་མཛད་སྒོའི་སྟེང་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པའམ་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུ་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོ་རུའེ་གཉིས་ཀྱིས་གཏམ་བཤད་དེ། སོ་སོར་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་དང་། བོད་ཀྱི་རྩོམ་རིག་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ཐོག་ཀྲུང་གོའི་རིག་གནས་ཕུན་ཚོགས་སུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་འགན་འཁྲི་ཐེག་དགོས་ཚུལ་བསྟན། གཞན་ཡང་རྩོམ་པ་པོའི་འཐུས་ཚབ་ཏེ་ཡུས་ཧྲུའུ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྦྲ་ནག་པ་དང་ལོ་ཙཱ་པའི་འཐུས་ཚབ་ཏེ་གྲ་གཉེན་ཚེ་རྒྱལ་གཉིས་ཀྱིས་ཀྱང་གཏམ་བཤད་སྤེལ་ཏེ་སོ་སོའི་གསར་རྩོམ་དང་ལོ་ཙཱའི་མྱོང་བརྒྱུད་དང་སྦྲགས་ནས། རྩོམ་རིག་གི་སློབ་སྦྱོང་གལ་ཆེ་ཚུལ་བསྟན། 

ཐེངས་འདིའི་གསོ་སྦྱོང་གི་ནང་དོན་ལ་ཕུན་ཚོགས་བཀྲ་ཤིས་ཀྱིརིག་གནས་ལྷུག་རྩོམ་དང་འབྲེལ་བའི་གསར་རྩོམ་གྱི་མྱོང་བཞེས་པ་དང་། ཀྲུའུ་ཅིན་ལེའིབོད་ཡུལ་བརྗོད་གཞིར་བྱས་པའི་སྒྲུང་རིང་ལས་མི་རིགས་རྩོམ་རིག་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་གླེང་བཞེས་པའི་འཆད་ཁྲིད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཁུལ་བཟང་མོ་གྲོང་ཚོ་དང་། བོད་ལྗོངས་དངོས་མང་བཤམ་སྟོན་ཁང་དུ་བསྐྱོད་པའི་རྩོམ་རིག་ལག་ལེན་བྱེད་སྒོ་སོགས་བཀོད་སྒྲིག་བྱས་ཡོད་པས། སློབ་སྦྱོང་གི་དུས་ཡུན་ཐུང་ཡང་ནང་དོན་ཕུན་སུམ་ཚོགས། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།