སྒྲིག་ཁྲིམས་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས་འདི་བཀྲམས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བཅོས་ཐབས་ཇུས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ཞིང་། སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་ནང་བཅུག་སྟེ། ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས་ནན་དུ་བཏང་བ་དང་། སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་པོ་དང་མགོ་ནས་མཇུག་བར་ནན་པོ་བྱ་རྒྱུར་སྐུལ་ཁྲིད་བྱས་པ། སྒྲིག་ཁྲིམས་དེ་ཁྲིམས་ལུགས་ལས་ནན་ཞིང་སྒྲིག་བསྟར་ཁྲིམས་བསྟར་འབྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། “རྣམ་པ་བཞི”ཡི་སྲིད་ཇུས་དང་ཐབས་ཇུས་བཀོལ་སྤྱོད་གཏིང་ཟབ་བྱས་པ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཁ་གསལ་བཟོས་ཤིང་ནན་དུ་བཏང་བ་བཅས་བྱས་པས། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་ལྷུག་ཏུ་འགྲོ་བའི་གནས་ཚུལ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དང་། ནན་པོ་བྱ་རྒྱུའི་བླང་བྱ་དེ་ཏང་གི་སྒྲིག་སྲོལ་གཏན་འབེབས་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱ་རྒྱུ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ། སྒྲིག་ཁྲིམས་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་དངོས་སུ་འགྱུར་བ་བྱ་རྒྱུ། ཏང་ཡོངས་ཀྱི་དམིགས་འབེན་གཅིག་གྱུར་དང་། མཐུན་སྒྲིལ་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱ་རྒྱུ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

《རྣམ་བཤད་གནད་བསྡུས》དེ་ཆེད་དོན་10ལ་དབྱེ་ཡོད་པ་དང་། ཁྱོན་རྣམ་བཤད་དུམ་བུ་329ཡོད་ཅིང་། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2024ལོའི་ཟླ་4པའི་བར་གྱི་སྙན་ཞུ་དང་། གསུང་བཤད། གསལ་བཤད། རྩོམ་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ནས་བཏུས་ཡོད། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་ངང་སྤེལ་ཐེངས་དང་པོ་ཡིན་པ་རེད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།