མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་གི་པཎྜི་ཏ་མཉེན་ཆས་དངོས་སུ་འགྲེམས་སྤེལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས25ཉིན་གྱི་སྔོ་དྲོར། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་གི་པཎྜི་ཏ་མཉེན་ཆས་འགྲེམས་སྤེལ་ཚོགས་འདུ་གནམ་མཁར་ཟི་ལིང་ནས་འཚོགས།

ཐེངས་འདིའི་ཚོགས་འདུའི་སྟེང་རྒྱལ་ཁབ་ཏང་ཨུ་དང་ཞིང་ཆེན་ཏངཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དེ།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།    ཚན་རྩལ་པུའུ།    རྒྱལ་ཁབ་མི་རིགས་ཨུ་ལྷན།    བཟོ་ལས་དང་ཆ་འཕྲིན་པུའུ།    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས།    མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།    དེ་བཞིན་འབྲེལ་ཡོད་ཐིང་དང་ཅུའུ་བཅས་ཀྱི་འགོ་ཁྲིད་གདན་འདྲེན་ཞུས་ཡོད་ལ།     རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁེ་ལས་གྲགས་ཅན་སྟེ།    ཐེང་ཤུན་དང་།    པའེ་ཏུའུ།    འཁྱུག་དབྱངས།    མགྱོགས་འཕྲིན།    ཤུན་ཧྥེ།    ལན་ཐུའུ།    360  ཀྲི་ཧུའུ།    ཨ་ལི་ཡུན་སོགས་གདན་འདྲེན་ཞུས་ཡོད་པར་མ་ཟད།     མཐོ་རིམ་སློབ་ཆེན་གྱི་འཐུས་མི།    ཆིང་ཧྭ་སློབ་ཆེན་དང་།    པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན།    ཀྲུང་དབྱང་དམངས་གཙོ་སློབ་ཆེན།    བོད་ལྗོངས་སློབ་ཆེན།    མཚོ་སྔོན་སློབ་ཆེན།    མཚོ་སྔོན་མི་རིགས་སློབ་ཆེན་སོགས་མི་གྲངས200ཡས་མས་ཞིག་གདན་འདྲེན་ཞུས་ཡོད།

“པཎྜི་ཏ”མཉེན་ཆས་ཐོན་རྫས་ནི་མཚོ་བོད་མཐོ་སྒང་ས་ཁུལ་གྱི་ཚན་རྩལ་དང་།    སྤྱི་ཚོགས།    རིག་གནས་སོགས་ཀྱི་དགོས་མཁོར་དམིགས་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་ཉེར་སྤྱོད་ཐོན་རྫས་ཤིག་ཡིན་ལ་དེའི་ཕྱོགས་སྟོན་གྱི་བྱེད་ནུས་དང་ཁྱབ་རྒྱ་ཆེ་བ་བཅས་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།

“པཎྜི་ཏ”མཉེན་ཆས་འདི་རིག་ཚན་མི་འདྲ་བ་ཁག་དྲུག་གིས་ཁྱོན་ཡོངས་སུ་གྲུབ་ཅིང་། མཉེན་ཆས་རེ་རེའི་ཚོང་རྟགས་ཀ ཁ ག ང ཅ ཆ བཅས་ཀྱིས་གྲུབ་པར་བྱས་ཏེ། “པཎྜི་ཏ”མཉེན་ཆས་འདིའི་བྱེད་ནུས་ཀྱི་ཁྱབ་ཁོངས་སུ“པནྜིཏ”ཡི་ལོ་ཙཱའི་མ་ལག་དང་། “པནྜིཏ”ཡི་ཚིག་མཛོད་མ་ལག “པནྜིཏ”ཡི་ཡི་གེའི་དབྱེ་འབྱེད་མ་ལག “པནྜིཏ”ཡི་ཡིག་ཆའི་འཚོལ་བཤེར་མ་ལག “པནྜིཏ”ཡི་བོད་ལུགས་གསོ་རིག་རིག་ནུས་ཞབས་ཞུ། “པནྜིཏ”ཡི་པར་རིས་བཤེར་ནས་ལོ་ཙཱ་བྱེད་པའི་མ་ལག་བཅས་ཁག་དྲུག་ལས་གྲུབ་ཡོད་པ་རེད།

གཅིག“པནྜིཏ་”ཡི་ལོ་ཙཱའི་མ་ལག་ནི། རྒྱ་བོད་ཀྱི་དེབ་རང་འགུལ་ངང་ལོ་ཙཱ་བྱེད་པའི་ནུས་ཤིང་ལོ་ཙཱའི་བྱང་ཚད་་མཐོ་བ།

གཉིས“པནྜིཏ”ཡི་ཚིག་མཛོད་མ་ལག ཚིག་མཛོད་མང་པོ་བསྡུས་ཉར་བྱས་ཡོད་པས་ཐ་སྙད་འཚོལ་བཤེར་དང་མཆན་འགྲེལ།    དཔེ་དངོས་སོགས་ཀྱི་ནུས་པ་འདོན་སྤྲོད་བྱེད།

གསུམ“པནྜིཏ”ཡི་ཡི་གེའི་དབྱེ་འབྱེད་མ་ལག བོད་ཡིག་པར་འདེབས་དང་ཡི་གེ་རང་བཤེར་ཐུབ་ལ།

ངོས་འཛིན་བྱེད་ནུས།

བཞི“པནྜིཏ”ཡི་ཡིག་ཆའི་འཚོལ་བཤེར་མ་ལག་སྟེ།    མཁས་དབང་དང་ཞིབ་འཇུག་མི་སྣ་སོགས་ཁྱོན་ཡོངས་ནས་བོད་ཡིག་ཡིག་ཆ་འཚོལ་བཤེར་ཞབས་ཞུ་མཁོ་འདོན་བྱེད།

ལྔ“པནྜིཏ”ཡི་བོད་ལུགས་གསོ་རིག་རིག་ནུས་ཞབས་ཞུའི་སྟེགས་བུའི་ནང་བོད་ལུགས་གསོ་རིག་དང་སྨན་བཅོས་ཀྱི་འབྲེལ་ཡོད་ཤེས་བྱ་མཉམ་སྤྱོད་དང་ནད་ཡམས་སྨན་བཅོས་བྱེད་ཐབས་སོགས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་ཐུབ།

དྲུག “པནྜིཏ”ཡི་པར་རིས་བཤེར་ནས་ལོ་ཙཱ་བྱེད་པའི་མ་ལག ལོ་ཙཱ་བྱེད་དགོས་པའི་པར་རིས་མ་ལག་ནང་དུ་བླུགས་ནས་པར་རིས་ནང་གི་ཡི་གེ་ངོས་འཛིན་བྱེད་ནུས་ལྡན་པ་བཅས་རེད།

གསར་འགོད་པ། ཤ་མོ་འཚོ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།