མང་རྫོང་གིས་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་སྔར་ལས་ཆེ་རུ་གཏོང་བ་དང་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་ཆེད།    ཉེ་བའི་ལོ་ཤས་རིང་མང་རྫོང་གིས་བྱེད་ཐབས་མང་པོ་སྤྱད་དེ་སྟོབས་ཤུགས་གཅིག་སྡུད་ཀྱིས“བཙོག་ཟིང་ཞན་”འཕྲོད་བསྟེན་གྱི་འགལ་རྐྱེན་འགག་སྒྲོལ་བཅོས་སྒྲིག་བྱས་པ་དང་།འགྲོ་ལམ་རྙིང་པ་ཁག་ཅིག་བསྐྱར་གསོ་དང་རྒྱས་སྐྲུན་བྱས་པ་བརྒྱུད།དམངས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་དང་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་སྟེ།གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།    

ཉེ་སྔོན། གསར་འགོད་པས་མང་ཆུ་གྲོང་རྡལ་གྱི་བདེ་ཐང་སྲང་ལམ་དང་སློབ་གྲྭའི་སྲང་ལམ་གྱི་ཡུལ་དངོས་སུ་མཐོང་གསལ་ལྟར་ན། སྐྱེལ་འདྲེན་རླངས་འཁོར་གྱིས་རྡེའུ་ཟེགས་སྐྱེལ་བཞིན་ཡོད་ཅིང་། རྡེའུ་ཟེགས་བརྡལ་བྱེད་ཀྱི་འཕྲུལ་འཁོར་གྱིས་རྡེའུ་ཟེགས་ལམ་ངོས་སུ་དལ་མོར་བརྡལ་བཞིན་མདུན་སྐྱོད་བྱེད་ཀྱིན་ཡོད་ལ་ལས་བཟོ་བ་དག་གིས་འཕྲུལ་ཆས་ཀྱི་འགྲམ་གཉིས་ལས་ཁོད་མི་སྙོམས་སར་རྡེའུ་ཟེགས་ལྕགས་ཁེམ་གྱིས་བརྡལ་བཞིན་ལས་རིམ་ཁག་ལ་གོ་རིམ་ཧ་ཅང་ལྡན་ལ།  སྔོན་ཆད་ཀྱི་ལམ་རྙིང་དེ་ཡངས་ཤིང་ཁོད་སྙོམས་པའི་རྣམ་པ་གསར་པ་ཞིག་ཏུ་གྱུར་ནས་མཁར་གྲོང་གི་ཁོར་ཡུག་ལེགས་སུ་བཏང་བ་མ་ཟད། འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་ཡང་ཐག་གཅོད་བྱས་ཡོད།    བཅར་འདྲི། སྡོད་དམངས། ཧོ་ཧྲི་ཁྲང་། ལམ་འདི་སྔོན་ཆད་ཁོད་མི་སྙོམས་པར་འགྲོ་དཀའ་བ་དང་ད་ལྟ་ཁོད་ཡངས་ལ་འགྲོ་འོང་བྱེད་བདེ་བ་མ་ཟད།    རྫོང་མཁར་གྱི་ཁོར་ཡུག་ཀྱང་ཇེ་ལེགས་སུ་སོང་འདུག    

རྒྱུས་ལོན་པ་ལྟར་ན།བདེ་ཐང་སྲང་ལམ་དང་སློབ་གྲྭའི་སྲང་ལམ་གྱི་འགྲོ་ལམ་ཉམས་གསོ་ལས་གྲྭ་དེ2023ལོའི་ཟླ4པར་ལས་མགོ་བཙུགས་ནས་བཙོག་ཆུ་དང་།ཆར་ཆུའི་སྦུག་དྲ།མི་བགྲོད་ལམ་སོགས་ཕལ་ཆེར་འགྲུབ་ལ་ཉེ།     

བཅར་འདྲི།མཚོ་སྔོན་པང་ཐའེ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་ལས་ཡུལ་གྱི་འགན་འཁུར་བ།ཞེ་ཧུའུ།མིག་སྔར་ལས་གྲྭ་འགྲུབ་ལ་ཉེ་བའི་དུས་མཚམས་སུ་སླེབས་ནས་ལམ་ངོས་སྨི་གྲུ་མ23470ལེགས་འགྲུབ་བྱུང་བ་དེས་ཨར་ལས་ལམ་ཚད་སྤྱི་ལེ2.6ཟིན། སྔོན་དཔག་བྱས་ན2024ལོའི་ཟླ7པར་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་ང་ཚོས་སྤུས་ཚད་དང་གྲངས་འབོར་འགན་ལེན་དང་བདེ་འཇགས་འགན་ལེན་བྱས་ནས་རྫོང་མཁར་གྱི་སྡོད་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན།    

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།