ཞི་ཅིན་ཕིང་གིས་ཨ་པིས་ན་ཏི་ཨར་ཏོ་སྨི་ནི་ཁའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ5པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་དབྱི་སི·ཨ་པིས་ན་ཏི་ཨར་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས།   ཁོ་རང་མུ་མཐུད་དུ་ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཏོ་སྨི་ནི་ཁ་ཡི་འབྲེལ་བའི་འཕེལ་ཕྱོགས་བཟང་བ་དང་།    ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་ལ།    དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་།    རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་གཞོགས་འདེགས་དམ་ཟབ་བྱེད་བཞིན་ཡོད།     ངས་ཀྲུང་གོ་དང་ཏོ་སྨི་ནི་ཁ་རྒྱལ་ཁབ་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་། ཙུང་ཐུང་ཨ་པིས་ན་ཏི་ཨར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་བར་བསྔགས་བརྗོད་བྱེད་ཀྱིན་ཡོད།    སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཏོ་སྨི་ནི་ཁ་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་བསྐྱོད་པར་མུ་མཐུད་དུ་སྣེ་ཁྲིད་བྱས་ནས། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་བསྐྲུན་འདོད་ཡོད་ཅེས་གསུངས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།