ཧན་ཀྲིན་གྱིས་རྒྱལ་སྤྱིའི་ཞིབ་རྩིས་དངུལ་ཁང་གི་སྤྱི་གཉེར་ཁཱ་སི་ཐིན་སི་ལ་ཐུག་འཕྲད་གནང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ5པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་རྒྱལ་སྤྱིའི་ཞིབ་རྩིས་དངུལ་ཁང་གི་སྤྱི་གཉེར་ཁཱ་སི་ཐིན་སི་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། དངུལ་རྩ་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྩ་དང་། རྒྱལ་ཁབ་སྲོག་ཤིང་འགྲན་རྩོད་ནུས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ན་ནིང་བསྡུས་པའི་ཀྲུང་དབྱང་དངུལ་རྩ་ལས་དོན་གྱི་གྲོས་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་རྩ་བའི་དོན་སྙིང་གསལ་འགྲེལ་གཏིང་ཟབ་མཛད་ཅིང་། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་མདུན་སྐྱོད་ཁ་ཕྱོགས་གསལ་བོར་བསྟན། རྒྱལ་སྤྱིའི་ཞིབ་རྩིས་དངུལ་ཁང་ནི་ཀྲུང་གོ་ཞུགས་པའི་རྒྱལ་སྤྱིའི་དངུལ་ལོར་དངུལ་རྩ་སྲིད་ཇུས་མཐུན་སྦྱོར་གྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་རྒྱལ་སྤྱིའི་ཞིབ་རྩིས་དངུལ་ཁང་བར་གྱི་བརྗེ་རེས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངུལ་རྩ་བཅོས་སྐྱོང་ཁྲོད་གཏིང་ཟབ་ཏུ་ཞུགས་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འགྲན་སློང་དང་། འཛམ་གླིང་ཡོངས་ཀྱི་དངུལ་རྩ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་སྔར་ལས་ལྷག་པའི་བྱས་རྗེས་འཇོག་རྒྱུར་འཐད་པ་ཡིན་ཞེས་བསྟན།

ཁཱ་སི་ཐིན་སི་ཡིས་ཀྲུང་གོའི་དཔལ་འབྱོར་དང་དངུལ་རྩའི་ཁྲོམ་རའི་འཕེལ་རྒྱས་གྲུབ་འབྲས་ལ་ཚད་མཐོའི་བསྟོད་བསྔགས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྦས་ཤུགས་དང་གོ་སྐབས་ལ་བལྟ་སྟངས་ཡང་དག་འཛིན་པ་དང་། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། རྒྱལ་སྤྱིའི་ཞིབ་རྩིས་དངུལ་ཁང་གིས་ཀྲུང་གོའི་དངུལ་རྩ་ལས་དོན་བར་གྱི་བརྗེ་རེས་དང་མཉམ་ལས་སྔར་ལས་དམ་ཟབ་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངུལ་རྩའི་བརྟན་འཇགས་སྲུང་སྐྱོང་ཐད་ཧུར་ཐག་གི་ནུས་པ་འདོན་སྤྲོད་བྱེད་འདོད་ཡོད་ཅེས་བཤད།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།