མཚོ་སྔོན་ནང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འདེམས་ཁུལ་ཐོག་མ་བཏོད་པར“ལྟ་སྐུལ་ཐོག་སྐུལ་འདེད”བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ད་ལོར་ནང་ཆེན་རྫོང་གིས་སྐར་རིམ་གསུམ་ཅན་གྱི་མགྲོན་ཁང་གཅིག་ལ་སྒོ་བྱང་བཀལ་ནས་གཉེར་སྐྱོང་དང་། སྐར་རིམ་གསུམ་ཅན་གྱི་དམངས་ཤག་གསུམ་འཛུགས་སྐྲུན།  ཁམས་གསོ་ཆུ་ཚན1གི་ལས་གཞི་གསར་སྤེལ།  ཁྱད་ལྡན་བཟའ་བཏུང་གསོལ་ས1ནས2།   ཆེད་ལས་སྣེ་ཤུན་པ2སྐྱེད་སྲིང་།  ནང་ཆེན་རྫོང་གི་བཙན་པོའི་དངོས་མང་བཤམས་སྟོན་ཁང་གི་ཞིབ་སློབ་ཉམས་རོལ་བྱེད་ས་རིམ་སྤར་བཅས་ལ་རོགས་སྐྱོར་བྱ་འཆར་ཡོད་པ་དང་། སྒེར་འཁོར་ཡུལ་སྐོར་དཔུང་སྡེ་སྐོར་ཐེངས10ཅན་ནང་འདྲེན་བྱས་ནས་རྫོང་རིམ་པའི་ལོ་རྒྱུས་རིག་གནས་དང་དམངས་སྲོལ་དངོས་མང་བཤམས་སྟོན་ཁང1བཅས་བཏོད་པར་སྲིད་གཞུང་ནས་མ་དངུལ་ཁྲི3000གཏང་འཆར་ཡོད།  ཅེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་ཧྲི་ཏཱ་ཚུན་གྱིས་དེ་ལྟར་བཤད་བྱུང་།

ནང་དོན་དེ་དག《ནང་ཆེན་རྫོང་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བའི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་རིམ་སྤར་དང་བཅོས་སྒྱུར་ལས་གཞི་འཛུགས་སྐྲུན》གྱི་འགྲེམ་སྟེགས་སུ་བཀོད་ཡོད་དེ།   ནང་ཆེན་རྫོང་ཏང་སྲིད་ལས་བྱེད་པས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བའི་འོས་འགན་ལྕི་མོ་དུས་དང་རྣམ་པ་ཀུན་ཏུ་གསལ་འདེབས་བྱེད་ཀྱི་ཡོད།

2024ལོའི་ལོ་མགོར།  ནང་ཆེན་རྫོང་གི་འབྲེལ་ཡོད་སྡེ་ཚན་དང་། ཨར་ལས་ལས་ཁུངས་ཀྱི་འགན་ཁུར་བས་རྫོང་ཏང་ཨུ་དང་སྲིད་གཞུང་གིས་དམག་གི་བཀའ་རྒྱ་བཏང་སྟེ།  ད་ལོའི་ཟླ10ཚེས25ཉིན་གྱི་སྔོན་ལ། རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བའི་སྤུས་ལེགས་ལམ་ཐིག་རིམ་སྤར་ལེགས་སྒྱུར་ལས་གཞི27དོན་ཐོག་ཏུ་འཁྱོལ་ཏེ།  ཡུལ་སྐོར་ཐོན་ལས་དེ་དམངས་ཕྱུག་ཐོན་ལས་སུ་བསྒྱུར་བ་དང་། ཡུལ་སྐོར་ཐོན་ཁུངས་དཔལ་འབྱོར་རིན་ཐང་དུ་བསྒྱུར་ནས་ཡུལ་སྐོར་ལམ་ཐིག་བརྗེ་གསོར་དང་འབྲེལ་བའི་ལམ་རྒྱུད་ཀྱི་ཟས་སྡོད་འགྲོ་སྤྱོད་ཉོ་སྒྲུབ་རོལ་རྩེད་ལ་སོགས་ཕྱོགས་སོ་སོར་ལེགས་སྒྱུར་བྱ་རྒྱུ།

   ཨར་ལས་ཇུས་གཞི་ཚན་རིག་དང་མཐུན་པས་ཇུས་འགོད་བྱ་ཆེད། ནང་ཆེན་རྫོང་གིས་རྟོག་ཞིབ་ཚོགས་པ་རྩ་འཛུགས་བྱས་ཏེ།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནོར་ལྡན་སྒར་ས་སོགས་སུ་ཉམས་མྱོང་དང་སྒྲུབ་སྟངས་དཔེ་མཚོན་ཅན་ལ་སློབ་སྦྱོང་དང་།  སྤྲེལ་ཚྭའི་ཚྭ་དམར་ཁྱད་ལྡན་གྲོང་དང་། 214རྒྱལ་ལམ་རྒྱུད་ཀྱི(ཡུལ་སྐོར་སྤུས་ལེགས་ལམ་ཐིག་ལྗང་མདོག་ཁྱམས་ར)ལྗང་སྒྱུར་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དག་ཐེར།   མགར་གྲོག་རོང་སྒར་ས་རྟེན་གཞི་གསར་འཛུགས།  གནས་བརྒྱ་མ་ལྗོངས་ཁུལ་གསར་འཛུགས། རྫ་ཆུའི་ཆུ་ལག་མང་པོའི་ལྗོངས་གཟིགས་སྟེགས་བུ་གསར་འཛུགས། སྟོན་པ་གྲོང་ཚོ་དང་སྤྱི་ཧྲག་གྲོང་ཚོའི་ཞིང་གྲོང་ཡུལ་སྐོར་དཔེ་སྟོན་གྲོང་ཚོའི་ལས་གཞི་བཅས་འཆར་འགོད་བྱེད་སྒང་ན་ཡོད།

ནང་ཆེན་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགན་ཁུར་བས་ངོ་སྤྲོད་ལྟར་ན།  ནང་ཆེན་ཁོངས་སུ་འཕྲེད་གཞུང་དུ་ཆགས་པའི་བྲག་རི་དང་གྲོང་རོང་ལ་དཔེར་ན་མགར་དགོན་རོང་ཆེན་དང་།  སྟག་རོང་ཆེན།   རྫ་ཆུ་རོང་ཆེན་ཁུག་སོ་བཅོ་བརྒྱད་སོགས་ཡོད་ཅིང་། དེའི་ནང་མགར་དགོན་རོང་ཆེན་དེ་སྤྲེལ་ཚྭ་གདོད་མའི་ནགས་ཚལ་གྱི་ལྟེ་བར་ཡོད་ཅིང་། མཛེས་ལྗོངས་ཡིད་དུ་འོང་ལ་ཁ་དབུགས་དྲོ་ཞིང་འཇམ་པ།  མི་ཆོས་ཀྱི་བཀོད་པ་དང་རང་བྱུང་གི་ཡུལ་ལྗོངས་གཅིག་ལ་གཅིག་འབྲེལ་ཡོད་པ་དང་།  རོང་ཆེན་དུ་མཐོ་སྒང་གི་ཕྱུགས་ར་དང་། གནའ་བའི་གྲོང་ཚོ།  གདོད་མའི་ནགས་ཚལ།  མཐོ་སྒང་གི་མཚོ་མོ།  བྲག་ཕུག་དགོན་པ།  སྤྲ་དང་སྤྲེའུ་རང་བྱུང་གི་བསྟི་གནས་ཁུལ་སོགས་མཛེས་ལྗོངས་མང་པོ་ཡོད་ལ།  མཚོ་སྔོན་ཞིང་ཆེན་གྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཡིན་པས། རྫ་ཆུའི་རོང་ཆེན་དང་པོ་ཞེས་འབོད།  གྲོག་རོང་གི་ནགས་ཁུལ་དུ་གནའ་ཤིང་མང་པོ་དང་། རི་སྐྱེས་སྲོག་ཆགས་སྣ་ཚོགས་རྒྱུ་བ་དང་། དེར་དབྱར་རྩྭ་དགུན་འབུ་དང་། གུར་གུམ་ལ་སོགས་སྨན་རྩྭ་རིགས400ལྷག་སྐྱེས་ཡོད།  སྲོག་ཆགས་ཀྱི་རིགས་ལ་དྲེད་མོང་དང་། སྤྲེལ། གནའ་བ།  གསའ། གླ་བ་ལ་སོགས30ལྷག་མཐོང་ཐུབ་པ་དང་། རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཐོན་ཁུངས་རྩ་ཆེན་ཡོད་པས་ངོ་མཚར་ལ་ཡིད་དུ་འོང་བའི་གནའ་བའི་རི་ལུང་དེ་ལ་བརྗིད་ཉམས་དོད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།