མཚོ་སྔོན་ཞིང་ཆེན་མཚོ་ཤར་གྱིས་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་ལས་མདའ་རྩལ་ཅན་གྱི་འགྲན་སྡུར་ཐོག་མ་འགོ་བརྩམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ 5ཚེས21ཉིན། མཚོ་ཤར་གྲོང་ཁྱེར་གྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་ལས་མདའ་རྩལ་ཅན་གྱི་འགྲན་བསྡུར་ཐོག་མ་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་དུ་མགོ་བརྩམས།  མཚོ་ཤར་གྲོང་ཁྱེར་ཡོངས་ཀྱི་ཆུས་དང་རྫོང6གི་འཐུས་ཚབ་རུ་ཁག58དང་། འགྲན་ཞུགས་པ600ལྷག་ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཤིང་། ཟླ5ཚེས22ཉིན་མཇུག་རྫོགས། འགྲན་སྡུར་གྱི་ཁྲོད་ནས་ཕུལ་བྱུང་ཐུན་མོང་དང“མདའ་རྩལ་པ་རྩེ་གྲ”བདམས་རྒྱུ་རེད། 

ཉིན་དེར་འགྲན་ཞུགས་པ600ཡིས་མི་རིགས་ཀྱི་གཟབ་འཆོར་དང་ལུས་རྩལ་པའི་གྱོན་ཆས་སྤྲས་ཏེ།   སྙིང་སྟོབས་ཆེན་པོས་ངང་ནས་འགྲན་ར་རུ་འཛོམས་ཤིང་། ཛ་དྲག་གི་མདའ་རྩལ་འགྲན་སྡུར་ལ་དེར་ཕེབས་ཀྱི་གཟིགས་མོ་བས་དགའ་བསུ་ཆེན་པོ་ཐོབ།  ཐེངས་འདིའི་འགྲན་སྡུར་ནི་མཚོ་ཤར་གྲོང་ཁྱེར་གྱིས་བདེ་ཐང་མཚོ་ཤར་དང་མཐོ་སྒང་ལུས་རྩལ་སྟོབས་ཆེན་གྱི་གྲོང་ཁྱེར་བཏོད་པའི་གོམ་ཁ་ཇེ་མགྱོགས་དང་། དམངས་ཡོངས་ཀྱི་ལུས་པོ་སྦྱོང་བརྡར་གྱི་བྱ་གཞག་ཡར་ངོས་ཟླ་ལྟར་འཕེལ་བར་སྐུལ་འདེད་གཏང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་ཐུན་མིན་དགེ་མཚན་ལ་གཞི་བཅོལ་ཏེ།  གཞན་དང་མི་མཚུངས་པའི་འཕེལ་རྒྱས་ལམ་བུར་བསྐྱོད་ནས་དམངས་ཡོངས་ནང་ཞུགས་ཀྱི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་འགྲན་སྡུར་སྤུས་རྟགས་ཏེ“གྲོང་ཁྱེར་གཅིག་ལ་སྤུས་རྟགས་དུ་མ་དང་། རྫོང་དང་ཆུས་གཅིག་ལ་ཁྱད་ཆོས་རེ་ཡོད་པའི”ལུས་རྩལ་འགྲན་སྡུར་གྱི་ཁྱད་ལྡན་སྤུས་རྟགས་མ་ལག་ཧུར་ཐག་གིས་བསྐྲུན་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན།  བ་ཡན་རྫོང་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་ལོ་རྒྱུས་ཧ་ཅང་རིང་ལ། མང་ཚོགས་ཀྱི་རྨང་གཞི་མཐུག་ཅིང་།   སྤྱི་ཚོགས་ལ་ཤུན་ཤུགས་ཆེན་པོ་ཐེབས་ཡོད།  རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས་བ་ཡན་མདའ་འཕེན་དེ་ས་གནས་ཁག་གི་སྲོལ་རྒྱུན་དང་དམངས་ཁྲོད་གོམས་སྲོལ། མི་ཆོས་རིག་གནས་བཅས་ལ་འབྲེལ་ནས་དམངས་ཡོངས་ལུས་རྩལ་གྱི་སྤུས་རྟགས་རིམ་གྱིས་གྲུབ།   རགས་རྩིས་བྱས་པ་ལྟར་ན། བ་ཡན་རྫོང་ཡོངས་མི་རིགས་མདའ་འཕེན་ནང་ཞུགས་པའི་མི་ཁྲི3.6ལ་བསླེབས་ཤིང་།  གཞི་ཁྱོན་ཆེ་ཆུང་འདྲ་མིན་རིགས་ཀྱི་མདའ་འཕེན་རུ་ཁག220ལྷག་ཡོད་པ་དང་།  མདའ་འཕེན་མཐུན་ཚོགས་སོགས་དམངས་ཁྲོད་ཚོགས་པ80ལྷག་ལ་བསླེབས་ཡོད་པ་རེད།  བ་ཡན་རྫོང་དུ་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་མདའ་རྩལ་པའི་འགྲན་སྡུར་དེ་བསྟུད་མར་ལོ་གཉིས་ལ“ཀྲུང་གོའི་ལུས་རྩལ་ཡུལ་སྐོར་སྤུས་ལེགས་རྣམ་གྲངས”ཀྱི་མིང་ཐོར་བདམས། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།