འབྲི་ཆུའི་འགོ་ཁུངས་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་ཡུལ་སྐོར་དང་མྱུལ་དཔྱད། བརྒྱུད་ནས་འགྲོ་བ་ལ་སོགས་གཏན་འགོག་བྱ་རྒྱུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ5ཚེས20ཉིན།  རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་འགོ་ཁུངས(ཨ་ཆེན་གངས་རྒྱབ)ཁུལ་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་ཐོན་ཁུངས་ཁོར་ཡུག་ཁྲིམས་བསྟར་ཅུས་ཀྱིས《འབྲི་ཆུའི་འགོ་ཁུངས་ཀྱི་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་ཡུལ་སྐོར་དང་། མྱུལ་དཔྱད།   བརྒལ་ནས་འགྲོ་བ་ལ་སོགས་བྱེད་སྒོ་རིགས་སྤེལ་མི་ཆོག་པའི་སྐོར་གྱི་སྤྱི་བསྒྲགས》སྤེལ།  

གཅིག རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་ཁུལ་དུ་ཡུལ་སྐོར་དང་མྱུལ་དཔྱད། བརྒལ་ནས་འགྲོ་བ་ལ་སོགས་བྱེད་སྒོ་རིགས་སྤེལ་མི་ཆོག་ལ།  ཚོགས་པ་དང་མི་སྒེར་གང་རུང་ཆོག་མཆན་མ་ཐོབ་པར་རང་དགར་ས་ཁོངས་སུ་བསྐྱོད་མི་ཆོག  གཏན་འབེབས་དང་འགལ་བའི་ལས་ཁུངས་དང་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ནང་ལྟར་ཆད་པ་གཅད་རྒྱུ།   ཁྲིམས་འགལ་གྱི་སྒོ་ནས་ཡུལ་སྐོར་དང་མྱུལ་དཔྱད། བརྒལ་ནས་འགྲོ་བ་ལ་སོགས་བྱེད་སྒོ་རིགས་རྩ་འཛུགས་བྱས་ནས་ལྟེ་བའི་སྲུང་སྐྱོབ་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོ་མཁན་ལས་ཁུངས་དང་མི་སྒེར་ལ།   འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ནང་ལྟར་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་འགན་དེད་དེ་ཐག་གཅོད་བྱ་རྒྱུ།   རང་དགར་ས་ཁོངས་དེར་བསྐྱོད་དེ་ཤི་རྨས་སོགས་དོན་རྐྱེན་བྱུང་ན།   སྒྲིག་འཛུགས་བྱེད་མཁན་ལས་ཁུངས་དང་མི་སྒེར་གྱིས་འབྲེལ་ཡོད་ཀྱི་འགན་ཁུར་དགོས།

གཉིས།  ཚན་རིག་ཞིབ་འཇུག་གི་དགོས་མཁོ་དབང་གིས་ངེས་པར་དུ་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་བསྐྱོད་དེ་ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན། རྟོག་ཞིབ་ལ་སོགས་བྱེད་དགོས་ན།  ངེས་པར་དུ་སྔོན་ལ་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ལ་བྱེད་སྒོ་འཆར་གཞི་སོགས་ཀྱི་སྙན་ཞུ་རྒྱག་དགོས། དོ་དམ་ཅུས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་འཐུས་ཐོབ་ཅིང་།  འབྲི་ཆུའི་འགོ་ཁུངས(ཨ་ཆེན་གངས་རྒྱབ)ཁུལ་གྱི་འབྲི་སྟོད་དོ་དམ་ཁྲུའུ་རུ་ཐོ་འགོད་སྙན་སེང་ཞུས་རྗེས།  ཆོག་འཐུས་ཐོབ་པའི་འཆར་གཞི་དང་ལམ་ཐིག་ནང་ལྟར་འབྲེལ་ཡོད་ལས་ཀ་སྤེལ་ཆོག [འབྲི་ཆུའི་འགོ་ཁུངས(ཨ་ཆེན་གངས་རྒྱབ)ཁུལ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འགལ་གྱིས་ཁོངས་བརྒལ་སའི་ཁྱབ་ཁོངས་ནི་འབྲི་སྟོད་རྫོང་གི་ཟོ་སྐྱ་ཡུལ་ཚོ་དང་། བྲག་དཀར་ཡུལ་ཚོ། ལི་ཞིན་ཡུལ་ཚོ་བཅས་རེད]

གསུམ། རྒྱལ་ཁབ་སྤྱི་གླིང་གི་ནང་ཁུལ་དུ་ས་ཁོངས་ཁག་བགོས་ཀྱི་དོ་དམ་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ནན་མོ་བྱ་དགོས།    རང་བྱུང་གི་སྣོད་བཅུད་ལ་གནོད་པ་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག   ཚོད་འཛིན་ཁུལ་སྤྱིར་བཏང་གི་ཁོངས་སུ་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་ལམ་ནས་ཁྲིམས་བཞིན་དུ་སྐྱེ་ཁམས་ཉམས་རོལ་དང་རང་བྱུང་གི་སློབ་གསོ་ལ་སོགས་པའི་འབྲེལ་ཡོད་བྱེད་སྒོ་སྤེལ་ཆོག  རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཞིབ་བཤེར་ཆོག་འཐུས་མ་བརྒྱུད་པའི་ཚོགས་པ་དང་མི་སྒེར་གྱིས་སྐྱེ་ཁམས་ཉམས་རོལ་དང་རང་བྱུང་སློབ་གསོ་སོགས་ཀྱི་བྱེད་སྒོ་གང་དགར་སྤེལ་མི་ཆོག   གལ་ཏེ་ཆོག་མཆན་མ་ཐོབ་པར་བྱེད་སྒོ་སྤེལ་རིགས་རྩད་ཆོད་པ་ཡིན་ན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ཆད་པ་ནན་མོ་གཅད་རྒྱུ།

བཞི།  རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པའི་ཚོགས་པ་དང་མི་སྒེར་གང་རུང་གིས་དྲ་རྒྱ་དང་། ཚགས་པར།  དུས་དེབ་སོགས་སྨྱན་སྦྱོར་འཕྲིན་སྟེགས་འདྲ་མིན་དུ་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་གནས་ཚུལ་སྤེལ་མི་ཆོག     རང་དགར་གྱིས་ཆ་འཕྲིན་རྫུན་བཟོ་བྱས་ཏེ་ཡུལ་སྐོར་དང་མྱུལ་དཔྱད། བརྒལ་ནས་འགྲོ་བའི་ལམ་ཐིག་བསྐོར་འཚོང་བྱས་ནས་ཤུགས་རྐྱེན་ངན་པ་བཟོ་མཁན་ཚོགས་པ་དང་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་དུ་བཅའ་ཁྲིམས་ཀྱི་ཉེས་འགན་འདེད་རྒྱུ།

ལྔ། རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས(ཨ་ཆེན་གངས་རྒྱབ)ཁུལ་གྱི་རང་བྱུང་ཐོན་ཁུངས་རྒྱལ་ཁབ་ལ་དབང་བ་ཡིན་པས།  ལས་ཁུངས་དང་མི་སྒེར་ཚང་མར་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་དང་། རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་ཁོར་ཡུག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད།   རང་དགར་དུ་ཚོགས་པ་རྩ་འཛུགས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དུ་བསྐྱོད་དེ།  ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་དང་རི་སྐྱེས་སྲོག་ཆགས་ལ་གནོད་པ་བཟོ་པའི་བྱ་སྤྱོད་རིགས་ལས་ཁུངས་དང་མི་སྒེར་གང་རུང་ལ་ཚུལ་དེ་ཞུ་གཏུག་ཐེར་འདོན་དང་།  བཀག་འགོག་བྱ་ཆོག་པའི་དབང་ཆ་ཡོད། 
 

རྩོམ་སྒྲིག་པ། ཁོན་ཐར་འཚོ།