བོད་ལུགས་གཙགས་དྲུབ་ལག་རྩལ་དར་སྤེལ་བཏང་ནས་གཟུགས་འདས་ཤུལ་བཞག་རྒྱུད་འཛིན་ལ་སྟོབས་ཤུགས་བསྣན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པ་ལྷ་མོ་གཡུ་སྒྲོན་གཙགས་དྲུབ་བྱེད་སར་ཐོན་དུས།མོས་ཁབ་སྐུད་ལེན་སྟངས་དང་།གཙགས་སྟངས་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན་བྱེད་བཞིན་ཡོད། གཙགས་དྲུབ་མཁན་བུད་མེད་ཚོས་བྱང་ཆ་ལྡན་པའི་ངང་གཙགས་དྲུབ་ཀྱི་ལས་ལ་འབད་བཞིན་ཡོད། 

མང་རྫོང་ལ་བོད་ལུགས་གཙགས་དྲུབ་ཀྱི་ཕ་སར་འབོད་ཅིང་།    སྒོས་སུ་བྱ་མདོ་ཞང་ནི་མང་ནན་བོད་ལུགས་གཙགས་དྲུབ་ཀྱི་འབྱུང་ཁུངས་ཡིན་པ་དང་ས་གནས་དེ་གའི་བུད་མེད་ཚང་མས་གཙགས་དྲུབ་ཀྱི་ལས་ཀ་བྱེད་ཀྱིན་ཡོད།    མཚོ་སྔོན་ཞིང་ཆེན་བོད་ལུགས་གཙགས་དྲུབ་རྒྱུན་འཛིན་པ་ལྷ་མོ་གཡུ་སྒྲོན་ཡང་དེའི་གྲས་ཀྱི་ཕུལ་བྱུང་གཙགས་དྲུབ་མཁན་ཞིག་ཡིན།    ལྷ་མོ་གཡུ་སྒྲོན་ནི་བྱ་མདོ་ཞང་སྡེ་མང་སྡེ་བར་སྐྱེས་ཤིང་།ཆུང་དུས་ནས་ཁྱིམ་ཚང་གི་ཤུགས་རྐྱེན་གྱིས་གཙགས་དྲུབ་གཙགས་པར་ཧ་ཅང་དགའ་ཞིང་། མི་ནི་ཁོ་ཚང་གི་གཙགས་དྲུབ་བྱེད་མཁན་གྱི་མི་རབས་གཉིས་པ་ཡིན།   མོས་ད་ལྟའི་བར་དུ་ཉམས་ཞན་ཚོགས་སྤྱིར་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་དང་ལས་ཞུགས་མི་ཐེངས1000ལྷག་ཙམ་ལ་གསོ་སྦྱོང་བྱས་ཤིང་། ཟླ་རེའི་ཡོང་འབབ་སྒོར3000ཡན་ཟིན་ལ་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པར་བརྟེན་བོད་ལུགས་གཙགས་དྲུབ་ཐོན་ལས་ནང་ཞུགས་མཁན་གྱི་བུད་མེད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པས་བོད་ལུགས་གཙགས་དྲུབ་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།    

ལོ་ངོ་ཉེར་བཞིའི་ལམ་བུར་ཕྱི་མིག་བལྟ་དུས། ལྷ་མོ་གཡུ་སྒྲོན་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅེས་བརྗོད་ཆོག་སྟེ།    2010ལོའི་ཟླ་10པར་བོད་ལུགས་གཙགས་དྲུབ་བརྩམས་ཆོས་《ཤག་ཀྱྰ་མུ་ནེ》ལ་སྐབས་དང་པོའི་ཀྲུང་གོའི་གཟུགས་འདུས་ཤུལ་བཞག་རིག་གནས་དངོས་མང་བཤམས་སྟོན་གྱི་ཟངས་ཀྱི་བྱ་དགའ་ཐོབ་པ་དང་།     2019ལོའི་ཟླ9པར་《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་》ལ་སྐབས་བཅུ་གཉིས་པའི་ཧྲན་ཏུང་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དང2019ལོའི་ཧྲན་ཏུང་ཞིང་ཆེན་དམངས་སྲོལ་རིག་གནས་དངོས་མང་བཤམས་སྟོན་ཉོ་ཚོང་འདུ་ཚོགས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་སྤུས་ལེགས་བྱ་དགའ་ཐོབ།     

2022ལོར་《གླིང་གི་དཔའ་རྟུལ་སུམ་ཅུ》སྐབས་བཅོ་ལྔ་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་མོའི་ཕུལ་བྱུང་དམངས་ཁྲོད་བཟོ་རྩལ་མཛེས་རྩལ་བརྩམས་ཆོས་ཀྱི་གྲས་སུ་ཚུད།    བཅར་འདྲི།མང་རྫོང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ། ལྷ་མོ་གཡུ་སྒྲོན། ཐོག་མར་2024ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པར་ཧ་ཅང་དགའ་ཡོད། གཙགས་དྲུབ་ནི་ངའི་ཚེ་གང་བོའི་འབད་བརྩོན་གྱི་བྱ་གཞག་ཅིག་ཡིན།    ངས་མུ་མཐུད་དུ་གཙགས་དྲུབ་གསར་གཏོད་བརྒྱུད་འཛིན་བྱས་ནས་བོད་ལུགས་གཙགས་དྲུབ་འདི་མང་ནན་ནས་འཛམ་གླིང་དུ་བསྐྱོད་པར་འབད་པ་བྱེད་རྒྱུ་དེ་ཡིན།     

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།