མར་སྟེང་ཆུ་གློག་ས་ཚུགས་ཀྱི་ས་འོག་བཟོ་ཁང་ཚང་མ་འཛུགས་སྐྲུན་ལེགས་འགྲུབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

རང་རེའི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། མར་སྟེང་ཆུ་གློག་ས་ཚུགས་ཀྱི་འཕྲུལ་ཚན་ཨང་རྟགས2པའི་ཨར་ལས་བཟོ་སྐྲུན་ནས་གློག་གཏོང་འཕྲུལ་འཁོར་གྱི་རིམ་པ་ལེགས་པར་གྲུབ་ནས་མར་སྟེང་ཆུ་གློག་ས་ཚུགས་ཀྱི་འཕྲུལ་ཚན་ཡོངས་ཀྱི་གློག་གཏོང་བའི་དམིགས་ཚད་དེ2024ལོའི་ཟླ་12པའི་ཟླ་མཇུག་ཏུ་མངོན་འགྱུར་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།

མར་སྟེང་ཆུ་གློག་ས་ཚུགས་ཀྱི་ས་འོག་བཟོ་ཁང་དེ་ཆུ་མཛོད་ཀྱི་གཡས་ངོགས་ཀྱི་རི་ལྡེབས་སུ་གནས་ཤིང་། ཆུ་མཛོད་ཀྱི་རྩེ་སྨི་167.8ཀྱི་མཚམས་ན་ཡོད་པ་དང་། ཕུག་པ30ལྷག་གིས་གྲུབ་ཅིང་ཐོག་སོ25ཡི་མཐོ་ཚད་ཡོད། ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི48.53ཟིན་ལ། སྤྱིའི་རྒྱ་ཁྱོན་ལ་རང་རྒྱལ་གྱི་གནམ་གྲུ་ཆེ་གྲས32ཤོང་ཐུབ་པས། དེ་ནི་རང་རྒྱལ་གྱི་མཚོ་འཕགས་ཆེས་མཐོ་ཤོས་དང་གཞི་རྒྱ་ཆེས་ཆེ་བའི་ས་འོག་བཟོ་ཁང་ཡིན། ས་ཚུགས་དེར་བསྡོམས་པས་འཕྲུལ་རྐྱང་གི་ཤོང་ཚད་ལ་སྟོང་ཝ་ཁྲི55ཅན་གྱི་འཕྲུལ་འཁོར་གཅིག་དང་འཕྲུལ་རྐྱང་གི་ཤོང་ཚད་སྟོང་ཝ་ཁྲི་12ཟིན་པའི་ཆུ་འཁོར་གྱི་གློག་གཏོང་འཕྲུལ་འཁོར་གཅིག་བཅས་སྤྱིའི་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་ཁྲི་232ཟིན། འཕྲུལ་འཁོར་སྒྲིག་སྦྱོར་མ་བྱས་གོང་མཐོ་ཚད་མི་འདྲ་བར་གཞིགས་ནས་འོག་ནས་གོང་དུ་གྲུ་སྦུག་དང་སྙུང་སྦུག དུང་སྦུག  ཆུ་འཁོར་བང་རིམ།    གློག་འདོན་འཕྲུལ་འཁོར་བང་རིམ་བཅས་སུ་ཨར་འདམ་གྱི་ལྡུག་བཟོ་ཉིན56སྔོན་ལ་རང་རྒྱལ་གྱི་མཚོ་འཕགས་ཆེས་མཐོ་ཤོས་དང་གཞི་རྒྱ་ཆེས་ཆེ་བའི་ས་འོག་བཟོ་ཁང་ཞིག་ལེགས་འགྲུབ་བྱས།

མར་སྟེང་ཆུ་གློག་ས་ཚུགས་དེ་ཆ་སྙོམས་མཚོ་འཕགས་ལ་སྨི3300ཡོད་པའི་མཐོ་སྒང་དུ་ཡོད་པས་དགུན་དུས་རིང་ལ་གྲང་ངར་ཆེ། ལོ་རེའི་དགུན་དུས་ཟླ་བ་དྲུག་རིང་གི་དྲོད་ཚད་ཀོར་ཐིག་མན་གྱི་ཧྲེ་ཧྲི་ཏུའུ30དང་གསོ་རླུང་འདུས་ཚད་རྒྱལ་ནང་གི60%ལས་དམའ་སྟབས། སྒྲིག་ཆས་ཀྱི་ལས་ཀའི་ལས་ཕྱོད་དང་ངལ་རྩོལ་པའི་ལུས་སྟོབས་ཉམས་ཞན་དུ་སོང་། ཨར་ལས་བྱེད་རིང་། མར་སྟེངཀུང་སིས་ཕྱོགས་སོ་སོའི་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་དང་།ཨར་ལས་རྩ་འཛུགས་དོ་དམ་ལ་ཤུགས་སྣོན། ཨར་འདམ་གྱི་ཨར་ལས་འཆར་གཞི་སྔ་སྣུར་བཅས་བྱས་ཏེ། ལས་ཡུལ་གུ་དོག་པ་དང་།ལས་སྒྲུབ་རྙོག་འཛིང་ཆེ་བ།བྲག་རྡོ་སྲ་ཞིང་འབར་གཏོར་དཀའ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་བདེ་འཇགས་ལག་རྩལ་གྱི་རྨང་གཞི་དང་ལས་རིམ་གྱི་སྤུས་ཚད་དོ་དམ་ཚོད་འཛིན་དོན་འཁྱོལ་ནན་པོ་བྱས་པ་དང་།  དུས་ལྟར་ཨར་ལས་གཙོ་བོའི་འཛུགས་སྐྲུན་ལེགས་འགྲུབ་བྱས།

མར་སྟེང་ཆུ་གློག་ས་ཚུགས་དེ“ནུབ་གློག་ཤར་འདྲེན”དང“མཚོ་སྔོན་ནས་ཧོ་ནན་དུ་གློག་གཏོང་བའི”རྐང་འཛིན་གློག་ཁུངས་ས་ཚིགས་ཤིག་ཡིན་པའི་ཆ་ནས། ཕྱོགས་ཡོངས་ནས་ལས་གཉེར་ཐོན་སྐྱེད་འགོ་ཚུགས་རྗེས་ལོ་མང་པོའི་ཆ་སྙོམས་ཀྱི་ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར73.04ཟིན་པ་དེ་ལོ་རེར་རྡོ་སོལ་ཏུན་ཁྲི་220གྲོན་ཆུང་དང་། དབྱང་གཉིས་ཐཱན་འགྱུར་གཏོང་ཚད་ཏུན་ཁྲི་816ཇེ་ཉུང་དུ་ཕྱིན་ཡོད་པས། མཚོ་སྔོན་ཞིང་ཆེན་དང་ཤར་རྒྱུད་ས་ཁུལ་ལ་རྒྱུན་མི་ཆད་པའི་དྭངས་གཙང་ནུས་རྒྱུ་གདོན་རྒྱུ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།