མང་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་དཔྱིད་དུས་སྡོང་འཛུགས་ནགས་བསྐྲུན་གྱི་ལས་དོན་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། སྡོད་དམངས་ལ་མཛེས་སྡུག་དང་དང་དག་གཙང་གི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཆེད། ཉེ་ཆར། རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་དཔྱིད་དུས་སྡོང་འཛུགས་ནགས་བསྐྲུན་གོ་སྐབས་སུ་བྱས་ཏེ།ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་གཞིས་ཁུལ་ཁག་ཏུ་སྡོང་འཛུགས་ལས་དོན་སྤེལ།   

བཅར་འདྲི། རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཀྲུའུ་ཡན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས་རྫོང་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། ཉེ་སྔོན། བཟུང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་དང་།ཁོངས་གཏོགས་ཁེ་ལས་ཀྱིས་རྫོང་ཡོངས་ཀྱི་གཞིས་ཁུལ་ཁག་ཏུ་སྡོང་འཛུགས་ལས་དོན་སྤེལ་བ་དང་།ད་དུང་།གཞིས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་རྒྱུར་འབོད་སྐུལ་བཏང་། གཞུང་དངོས།རྒྱུུས་ལོན་པ་ལྟར་ན།རྗེས་མར་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་རྗེས་མཐུད་བདག་སྐྱོང་དོ་དམ་དམ་འཛིན་ཡག་པོ་བྱས་ཏེ་སྡོང་ཕྲུག་གི་གསོན་ཚད་འགན་ལེན་བྱས་ནས་གཞིས་ཁུལ་གྱི་ལྗང་མདོག་སྤུས་ཚད་དང་ཁྱབ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།