སློབ་གསོ་སློབ་ཁྲིད་དང་འབྲེལ་མེད་བྱེད་སྒོ་རིགས་སློབ་གྲྭར་གང་དགར་སྐྱོད་པར་བཅོས་སྐྱོང་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

འོད་གསལ་ཉིན་རེའི་ཚགས་པར་ལྟར་ན། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་དང་འབྲེལ་བ་མེད་པའི་ཁུར་པོ་ཇེ་ཡང་དུ་གཏང་ཆེད། ཀྲུང་དབྱང་སློབ་གསོ་ལས་དོན་མགོ་ཁྲིད་ཚན་ཆུང་དྲུང་ཡིག་ཚོགས་པས་སྤྱི་ཚོགས་ཀྱི་ལས་དོན་རིགས་སློབ་གྲྭར་བསྐྱོད་པའི་ཚུལ་དེ་ཚད་ལྡན་དུ་བཏང་སྟེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏང་བའི་ཆེད་དོན་དག་ཐེར་བྱ་བ་བཀོད་སྒྲིག་སྐོར་ནས་བརྡ་སྦྱོར་བཏང་འདུག 

བརྡ་སྦྱོར་ནང་དུ།   ཆེད་དོན་དག་ཐེར་གྱི་ཁྱབ་ཁོངས་དང་དམིགས་འབེན་གསལ་བོར་བཀོད་ཡོད་ཅིང་།  གཙོ་བོ་སློབ་གསོ་དང་སློབ་ཁྲིད་ལ་འབྲེལ་བ་མེད་པའི་བྱེད་སྒོ་དང་ལས་དོན་སློབ་རར་གང་དགར་སྐྱོད་ནས་སྤེལ་བའི་གནས་ཚུལ་རིགས་དང་། སྤྱི་ཚོགས་ཀྱི་ལས་དོན་སློབ་རར་སྐྱོད་པའི་གོ་རིམ་དུ་རྣམ་པ་གཙིགས་སུ་བཟུང་ནས་དོན་དངོས་མི་སྒྲུབ་པའི་ཕྱི་ཚུལ་རིང་ལུགས་ཀྱི་རིགས་ལ་ཕྱོགས་བསྡུས་ཐོག་དག་ཐེར་བྱས་ཏེ།   སྤྱི་ཚོགས་ལས་དོན་སློབ་རར་བསྐྱོད་པའི་པའི་སྙན་ཞུ་ཐོ་འགོད་དང་ཆོག་འཐུས་ལམ་ལུགས། ལྟ་སྐུལ་དོ་དམ་ཀྱི་ཕུགས་ཕན་ལམ་ལུགས་ལ་བརྟེན་ནས་སློབ་གསོ་དང་སློབ་ཁྲིད་ལ་ཁོར་ཡུག་ཡག་པོ་བསྐྲུན་རྒྱུ་དེ་རེད།

  བརྡ་སྦྱོར་ནང་འོས་འགན་གཙོ་ཆེ་བཞི་བསྟན་ཡོད་དེ། གཅིག་ནི་ཉེ་བའི་ལོ་རིང་ལ་སྤྱི་ཚོགས་ལས་དོན་སློབ་རར་བསྐྱོད་པའི་གནས་ཚུལ་ལ་མཐིལ་རྟོགས་གསལ་བོ་བྱས་ཐོག  སློབ་རར་བསྐྱོད་འཐུས་ཐད་ཚད་གཞི་བཟོས་ནས་གནད་དོན་དག་ཐེར་ལ་ཤུགས་བསྣན་དགོས།  གཉིས་ནི་སྤྱི་ཚོགས་ལས་དོན་སློབ་རར་བསྐྱོད་པའི་སྙན་ཞུ་ཐོ་འགོད་ལམ་ལུགས་བཙུགས་ཏེ།  ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྤྱི་ཚོགས་ལས་དོན་སློབ་རར་བསྐྱོད་པའི་ཐེངས་གྲངས་ཚོད་འཛིན་དགོས་པ་མ་ཟད།  མིང་ཐོ་དཀར་པོ་བཟོས་ནས་སྤྱི་ཚོགས་ཡོངས་ལ་བསྒྲག་དགོས།   གསུམ་ནི་སྤྱི་ཚོགས་ལས་དོན་སློབ་རར་བསྐྱོད་པའི་བྱེ་བྲག་གི་ཇུས་གཞི་ལ་དཔྱད་ཞིབ་བྱས་ཏེ།   ལས་ཀ་དངོས་ལ་གཞིགས་ནས་བྱེད་སྒོའི་ཁྱབ་ཁོངས་དང་དུས་ཡུན་ལ་ཚོད་འཛིན་ནན་མོ་བྱས་ནས་སློབ་རའི་ནང་དུ་ལས་དོན་སྤེལ་བའི་སྤུས་ཚད་ཇེ་མཐོར་གཏང་དགོས།   བཞི་ནི་ལྟ་ཞིབ་ཚད་ལེན་དང་། དཔྱད་ཞིབ།  ཡོངས་བསྒྲགས་ལ་སོགས་ཀྱི་ལམ་ནས་སྤྱི་ཚོགས་ལས་དོན་སློབ་རར་བསྐྱོད་པ་ཚད་ལྡན་དུ་གཏང་དགོས་པ་བཅས་སོ། །

བརྡ་སྦྱོར་གྱི་ནང་། ས་གནས་ཁག་གིས་མཐོ་ས་ནས་འགྲེང་སྟེ་འགན་འཁྲི་ནན་བཅག་བྱས་ཏེ།  སྤྱི་ཚོགས་ལས་དོན་སློབ་རར་བསྐྱོད་ཚུལ་ཚད་ལྡན་དུ་གཏང་བ་དེ་སློབ་གསོའི་སྡེ་ཡི་ཕྱི་ཚུལ་རིང་ལུགས་ལ་དག་ཐེར་དང་གཞི་རིམ་གྱི་ཁུར་བོ་ཇེ་དུ་གཏང་བའི་བྱ་བ་ཞིག་ཡིན་པའི་ཆ་ནས་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་ནས་ཆེད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་པར་སྐུལ་འདེད་གཏང་དགོས་པ་དང་།  དགེ་སློབ་གྱི་རེ་འདུན་བསྐང་ཚད་ལ་བརྟེན་ནས་ཆེད་དོན་དག་ཐེར་གྱི་ཕན་འབྲས་ལ་བལྟ་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། ཁོན་ཐར་འཚོ།