མང་ར་ཞང་གིས2024ལོའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་།    རྫོང་ཨུ་དང་རྫོང་སྲིད་གཞུང་གི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་འདུ་ཤེས་སྔར་ལས་ཆེ་རུ་གཏོང་ཆེད།   ཉེ་སྔོན། མང་ར་ཞང་གིས་གྲོང་ཚོའི“ཨུ་ལྷན་གཉིས”སྣོད་བཅུད་དོ་དམ་སྲུང་སྐྱོང་པ་སོགས་མི250ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལོ་བ་ཞོལ་མའི་མང་ཆུའི་འགྲམ་དུ2024ལོའི་དཔྱིད་དུས་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ།    བྱེད་སྒོའི་ཡུལ་དངོས་སུ་ཚང་མ་ངར་ཤུགས་ཀྱིས་ཁེངས་ནས་ས་བརྐོ་བ་དང་།    སྡོང་ཕྲུག་འཛུགས་པ་སོགས་བྱེད་ཀྱིན་རྒྱལ་ཁོངས་ལྗང་བསྒྱུར་ལ་ཧུར་བརྩོན་འབད་འཐབ་བྱེད་ཀྱིན་ཡོད།     ཚང་མས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་སྡོང་ཕྲུག་རྐང་ཁྲི1དང་སྟོང6བཙུགས་ནས་བྱ་སྤྱོད་དངོས་ལས་སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད།   རིམ་པ་རྗེས་མར་མང་ར་ཞང་གིས་སྣོད་བཅུད་འཐབ་ཇུས་མུ་མཐུད་དུ་ལག་ལེན་བསྟར་ནས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ཤུགས་ཆེ་རུ་གཏོང་བ་དང་།  སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བྱེད་པ།   ཚན་རིག་དང་མཐུན་པའི་འཆར་འགོད་བཅས་བྱས་ཏེ། གྲོང་གསེབ་ཀྱི་ལྗང་བསྒྱུར་བར་སྟོང་རྒྱ་ཇེ་ཆེར་བཏང་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་ཧུར་བརྩོན་བྱ་རྒྱུ་རེད།     

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།