མཚོ་སྔོན་གྱིས2024ལོའི་འཛམ་གླིང་སའི་གོ་ལའི་ཉིན་མོ་དྲིལ་སྒྲོག་བྱེད་སྒོ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4ཚེས22ཉིན། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་། ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱིས་གཙོ་སྒྲུབ་དང་།  ཟི་ལིང་གྲོང་ཁྱེར་མཁར་ཤར་མི་དམངས་སྲིད་གཞུང་། མཁར་ཤར་རང་བྱུང་ཐོན་ཁུངས་དང་ནགས་ལས་ཅུས་གཉིས་ཀྱིས་སྒྲུབ་འགན་ཁུར་བའི“གོ་ལར་གཅེས་སྤྲས་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད”ཅེས་པའི2024ལོའི་འཛམ་གླིང་སའི་གོ་ལ་ཉིན་མོ་དྲིལ་སྒྲོག་བྱེད་སྒོ་ཟི་ལིང་གྲོང་ཁྱེར་མཁར་ཤར་བྱང་རིའི་མཛེས་པའི་ར་བ་ནས་སྤེལ།

བྱེད་སྒོའི་ཡུལ་དངོས་སུ་མི་དམངས་མང་ཚོགས་ཀྱིས་དགའ་བསུ་བྱེད་པའི་རིག་རྩལ་འཁྲབ་སྟོན་ཡོད་ལ། སྲོལ་རྒྱུན་འགྲེམ་སྟེགས་ཀྱི་དྲིལ་སྒྲོག་ཡོད་པ་དང་། རྒྱ་ཆེའི་བའི་ན་གཞོན་སློབ་མ་མང་པོ་ཞིག་ཀྱང་ཐེངས་འདིའི“སའི་གོ་ལ་ཉིན་མོ”བརྗོད་གཞིར་བཟུང་བའི་རི་མོ་འགྲེམ་སྟོན་ལ་ཞུགས།  མཁར་ཤར་ལིན་ཨན་སྡོད་ཁུལ་དུ་སྡོད་པའི་རྨོ་རྨོ་མཱ་ཡིས་ལས་བྱེད་པ་བརྒྱུད་དེ་གད་སྙིགས་རིགས་དབྱེ་སྐོར་གྱི་ཤེས་བྱར་རྒྱུས་ལོན་བྱས་པ་མ་ཟད།  ཁོར་སྲུང་གི་རས་ཁུག་ཅིག་ཀྱང་ལག་ཏུ་ཐོབ།  མོས་འདི་སྐད།   ཉིན་རྒྱུན་སྔོ་ཚལ་ཉོ་དུས་གཅིག་སྤྱོད་ཀྱི་འགྱིག་ཁུག་བཀོལ་དགོས། རྗེས་མ་ཁོར་སྲུང་རས་ཁུག་སྤྱད་དེ་ཚང་མ་དང་མཉམ་དུ་ཁོར་སྲུང་བ་ཞིག་བྱ་ཞེས་བཤད།  མཁར་ཤར་གྱི་ཁང་ནན་སློབ་ཆུང་ལོ་རིམ་དྲུག་པའི་དབྱངས་ཅན་སྒྲོལ་མས་ལྭ་སྨྱུག་ལྗང་ཁུ་ཞིག་གིས་རི་མོ་བྲིས་ཏེ།  སྤྱི་ཚོགས་ཡོངས་དང་མཉམ་དུ་སའི་གོ་ལའི་ཁོར་ཡུག་འདི་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་བཏང་།

བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་མང་ཚོགས་ཀྱིས་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་རུ་བསྐྱེད་དེ།  མི་རྣམས་ཀྱིས་སའི་གོ་ལར་གཅེས་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས་མི་དང་རང་བྱུང་འཆར་མཐུན་མཉམ་གནས་མངོན་འགྱུར་ཡོང་བའི་གྲོས་འགོ་འདོན་ཆེད་རེད། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།