གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་སྒོས་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཉེ་བའི་ལོ་འདི་གར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་འོད་ནུས་ཐོན་ཁུངས་དང་ཡངས་ཤིང་རྒྱ་ཆེ་བའི་སའི་ཐོན་ཁུངས་ལ་བརྟེན་ནས། ནུས་ཁུངས་གསར་པའི་ཐོན་ལས་སྒྲིག་བཟོ་དང་གཞི་རྒྱ་ཆེ་བའི་འོད་ཤུགས་དང་འོད་དྲོད་རྟེན་གཞི་འཛུགས་སྐྲུན་ཚད་ཇེ་མགྱོགས། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་གཞི་རྒྱ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ་ཚྭ་འདམ་གཤོང་སའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྗང་སྒྱུར་ཐོན་ལས་ལ་སྔར་བས་སྐུལ་འདེད་བྱས་པ་རེད། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།