འཛམ་གླིང་དཔེ་ཀློག་ཉིན་མོའི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

འཛམ་གླིང་དཔེ་ཀློག་ཉིན་མོའི་མིང་ཆ་ཚང་ལ“འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ”དེ་མིན“འཛམ་གླིང་དཔེ་དེབ་ཉིན་མོ”ཟེར། 1995ལོའི་ཟླ11པའི་ཚེས15ཉིན་ལོ་རེའི་ཟླ4པའི་ཚེས23ཉིན་དེ“འཛམ་གླིང་དཔེ་དེབ་ཉིན་མོར”དངོས་སུ་གཏན་འཁེལ་བྱས། དེའི་དམིགས་ཡུལ་ནི་སྐྱེ་བོ་མང་བོས་དཔེ་ཀློག་དང་རྩོམ་འབྲི་བྱ་རྒྱུར་སྐུལ་མ་བཏང་སྟེ། མི་ཚང་མས་མིའི་རིགས་ཀྱི་རིག་གནས་ཐད་བྱས་རྗེས་རླབས་ཆེན་བཞག་མྱོང་པའི་རྩོམ་རིག་པ་དང་རིག་གནས་སྨྲ་བ། ཚན་རིག་པ་དང་བསམ་བློ་པ་བཅས་ཀྱི་སློབ་དཔོན་རྣམས་ལ་བརྩི་མཐོང་དང་དྲིན་གཟོ་ཞུ་ཆེད་དང་། ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱ་ཆེད་ཡིན། ལོ་རེར་ཉིན་མོ་དེར་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་ཙམ་གྱིས་རྟེན་འབྲེལ་དང་དཔེ་ཀློག་དྲིལ་སྒྲོག་གི་བྱ་འགུལ་ཅི་རིགས་སྤེལ་བ་རེད།

 

འཛམ་གླིང་དཔེ་ཀློག་ཉིན་མོའི་བརྗོད་བྱ་གཙོ་བོ་ལ། མི་ཚང་མ་དཔེ་ཀློག་ལ་དགའ་བ་དང་དཔེ་ཀློག་གི་སྤྲོ་བར་མཛད་མཐའ་མེད་པ་དང་གཅིག དཔེ་དེབ་གཅིག་གི་ཞལ་འདེབས་ནི་བརྩེ་བའི་ཞལ་འདེབས་ཡིན་པ་དང་གཉིས། དཔེ་ཆ་ཀློག་པར་དགའ་བ་དང་དཔེ་ཆ་མང་པོ་ཀློག་པ། དཔེ་ཆ་བཟང་བོ་ཀློག་པ་དང་གསུམ། རྩོམ་ཡིག་གི་མཛེས་ཉམས་ཉམས་སུ་མྱོང་བ་དང་། དཔེ་ཀློག་གི་སྤྲོ་སྣང་ལོངས་སུ་སྤྱོད་པ་དང་བཞི། ཤེས་བྱ་ནི་སྟོབས་ཤུགས་ཡིན་ལ། ཤེས་བྱས་མི་ཚེའི་ཁ་ལོ་སྒྱུར་ཐུབ་པ་དང་ལྔ་ལ་སོགས་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།