མཚོ་སྔོན་གྱི་ལམ་དུམ་འདི་དག་ལ་ཁ་བ་བབས་པའམ་དར་འཆགས་འདུག

ཡོང་ཁུངས། མདོ་ལ་བོད་ཡིག་ཚགས་པར།

ཁ་བ་བབས་པའམ་དར་འཆག་པའི་ལམ་དུམ། 

G6(པེ་ཅིང་ནས་བོད་ལྗོངས)མྱུར་ལམ་གྱི(མ་ཁྲང་ཧིན-གཞོང་ཐང-ཟི་ལིང)གི་ལམ་དུམ་ཁ་ཤས་སུ་ཁ་བ་བབས།

G6(པེ་ཅིང་ནས་བོད་ལྗོངས)མྱུར་ལམ་གྱི(ཟི་ལིང-སྟོང་སྐོར-རིག་མོའི)ལམ་དུམ་ཁ་ཤས་སུ་ཁ་བ་བབས།

G0611(ཀྲང་ཝིན)མྱུར་ལམ་གྱི(ཁུ་ཐུའུ-རྟ་ཐང)གི་ལམ་དུམ་ཁ་ཤས་སུ་ཁ་བ་བབས།

G0611(ཀྲང་ཝིན)མྱུར་ལམ་གྱི(སྤེན་མདོ་འགག-འཇུ་ལག)གི་ལམ་དུམ་ཁ་ཤས་སུ་ཁ་བ་བབས་པའམ་ལམ་དུ་དར་འཆག་འདུག

G0611(ཀྲང་ཝིན)མྱུར་ལམ་གྱི(གཞོང་ཐང-ཨ་སྡེ-སྔོ་རྒྱ་འགག)གི་ལམ་དུམ་ཁ་ཤས་སུ་ཁ་བ་བབས།

G0612(ཟི་ལིང་ནས་ཧི་ཐན)མྱུར་ལམ་གྱི(ཚོ་ཅ་པོ་ནུབ-སྟོད་པའི་གཙོ་ལམ)གྱི་ལམ་དུམ་ཁ་ཤས་སུ་ཁ་བ་བབས།

G0612(ཟི་ལིང་ནས་ཧི་ཐན)མྱུར་ལམ་གྱི་སྟོང་སྐོར་ནས་ནུབ་མཚོའི་རིམ་པ་དང་པོའི་གཞུང་ལམ་གྱི་ལམ་དུམ་ཁ་ཤས་སུ་ཁ་བ་བབས།

G0613(ཟི་ལིང་ནས་ལི་ཅང་)མྱུར་ལམ་གྱི(ཆབ་ཆ-ཡུལ་ཤུལ)བར་གྱི་མཛོ་རྭ་དང་རྨ་སྟོད། ཆུ་ཁོལ་ལམ་དུམ་གྱི་ལམ་ངོས་སུ་དར་འཆག་ཡོད།

G0615(གཏེར་ལེན་པ་ནས་འབར་ཁམས)མྱུར་ལམ་གྱི(མཛོ་རྭ-རྟ་བོ-གཅིག་སྒྲིལ)གྱི་མཛོ་རྭ་ནས་རྟ་བོ་ལམ་དུམ་དུ་ཁ་བ་བབས་པ་དང་ལམ་ངོས་སུ་དར་འཆག་འདུག

S101(ཟི་ལིང)མྱུར་ལམ(ཟི་ལིང-ཧུའུ་ཀྲུའུ)ཡི་ལམ་དུམ་ཁ་ཤས་སུ་ཁ་བ་བབས་པ་དང་ལམ་ངོས་སུ་དར་ཉུང་ཤོས་འཆག་འདུག

S104(ཟི་ལིང-ཁྲི་ཀ)ལམ་གྱི་ཟི་ལིང་ནས་སྐུ་འབུམ་བར་མྱུར་ལམ་གྱི་ལམ་ཧྲིལ་བོ་ཁ་བ་བབས།

S104(ཟི་ལིང-ཁྲི་ཀ)ལམ་གྱི་སྐུ་འབུམ་ནས་ཁྲི་ཀ་བར་གྱི་མྱུར་ལམ་གྱི་ལམ་དུམ་ཁ་ཤས་སུ་སྨུག་པ་འཐིབ་པའི་གནམ་གཤིས་འདུག

S201(ཝུའུ་ཧྲི-ཀོན་ཐིན)ཁྲོན་ཏ་མྱུར་ལམ་གྱི(མིན་ཧོ-ཁྲོན་ཁུག-ཏ་ཧི་རྒྱའི):ལམ་ཧྲིལ་བོ་ཁ་བ་བབས་པ་དང་ལམ་ངོས་སུ་དར་འཆག་འདུག

S305(ཙུང་ཕོ-ཞོ་ཞ་ཁུག)གི་མིན་ཧོ་ནས་ཞོ་ཞ་ཁུག་བར་གྱི་ལམ་དུམ་ཁ་ཤས་སུ་ཁ་བ་བབས་པ་དང་ལམ་ངོས་སུ་དར་འཆག་ཡོད།

G213(ཙི་མོ)གཞུང་ལམ་གྱི་ལི་ཏུའུ་ནས་དཔའ་ལུང་བར་གྱི་ལམ་དུམ་ཁ་ཤས་སུ་ཁ་བ་བབས་པ་དང་ལམ་ངོས་སུ་དར་འཆག་ཡོད།

G227(འབྲོང་ཡུལ-མིན་ལེན)གྱི་མཁར་དམར་ལམ་དུམ་དང་གཡག་ལ་ཉག་ཁ་ལམ་དུམ། ཕན་པོ་ལམ་དུམ་དུ་ཁ་བ་བབས་པ་དང་ལམ་ངོས་སུ་དར་འཆག་འདུག

S201(ཝུའུ་ཧྲི-ཀོན་ཐིན):མན་ཕིན་ཞང་ཞིན་ཅན་སྡེ་བའི་ལམ་དུམ་དུ་སྨུག་པ་འཐིབ་པ་དང་ལམ་ངོས་སུ་དར་འཆག་ཡོད། 

S219(མཛོ་རྭ-གཅིག་སྒྲིལ)གྱི་རྨ་ཆེན་གངས་རི་ལམ་གྱི་ལམ་ངོས་སུ་དར་འཆག་འདུག

ཟླ2པའི་ཚེས28ཉིན་ནས་ཟླ2པའི་ཚེས29ཉིན་གྱི་འགྲིམ་འགྲུལ་གནམ་གཤིས།

ཞིང་ཆེན་ཡོངས་ཀྱི་གནམ་གཤིས་གནས་ཚུལ། ཟླ2པའི་ཚེས28ཉིན་གྱི་ཆུ་ཚོད་བརྒྱད་ནས་ཟླ2པའི་ཚེས29ཉིན་གྱི་ཆུ་ཚོད་བརྒྱད་བར། དེ་རིང་གི་ཉིན་དཀར། ཟི་ལིང་གི་ལྷོ་རྒྱུད་དང་ཡུལ་ཤུལ་གནས་ཧྲིལ་བོ། མགོ་ལོག་དང་ལི་ཏུའུ། མིན་ཧོ། འཇུ་ལག གཏེར་ལེན་ཁ། རྨ་ལྷོ་སོག་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་སུ་ཁ་བ་ཆུང་ཆུང་འབབ་རྒྱུ་རེད།  ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། མཚོ་སྔོན་པོ་འབབ་རྒྱུན་དུ་ཚད་རིམ6~7ནུབ་རླུང་གཡུག་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ས་ཆེ་མང་ཆེ་བའི་ཉིན་དཀར་ཆེས་མཐོ་བའི་དྲོད་ཚད2~4℃མར་ཆག་པ་དང་། ས་ངོས་ཀྱི་དྲོད་ཚད6℃ཡན་རེད། དེ་རིང་དགོང་མོ། ཟི་ལིང་དང་མཚོ་ཤར། འཇུ་ལག རྨ་སྟོད། དར་ལག གཅིག་སྒྲིལ་གྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ངམ་ཁ་བ་སིམ་སིམ་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།