མཚོ་སྔོན་མཚོ་ནུབ་འབྲི་ཆུའི་འགོ་ཁུངས་གྲོང་ཚོའི་གྲོང་མིས་ལོ་གསར་པ་བསུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།
 

ཟླ2ཚེས9ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་རི་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་གྲོང་ཚོའི་སྲང་ལམ་དུ་གློག་འོད་ལམ་ལམ་འཚར་ཞིང་། གྲོང་མི་རྣམས་ཀྱིས་ཁང་ཁྱིམ་གྱི་མདུན་རྒྱབ་ཡོངས་གཙང་ཕྱགས་གྲལ་དག་བྱས།  ནོར་བུ་བསམ་འགྲུབ་ཚང་སྔ་མོ་ནས་ཡར་ལངས་ཏེ་ལས་ལ་བྲེལ་ཞིང་། ལོ་སར་གྱི་མཆོད་པ་བཤམས།  ལྭ་བ་གསར་པ་གྱོན་པ་སོགས་ལོ་སར་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད། ནོར་བུ་བསམ་འགྲུབ་ཀྱིས་འདི་སྐད། དུས་རྒྱུན་མི་ཆེ་བ་ཚང་མ་ལས་བྲེལ་ཆེ་བ་དང་། བྱིས་པ་རྣམས་སློབ་གཉེར་ལ་བྲེལ་བ་རེད།  ལོ་གསར་པ་བསུ་བའི་སྐབས་འདི་ལ། ནང་མི་ཡོངས་གདན་གཅིག་ཏུ་འཛོམས་ཏེ་ལོ་གསར་གྱི་ཆོ་ག་བཤམས་ཤིང་།  ཟས་མཆོག་ལ་མཉམ་དུ་རོལ་ཞོར་ཁ་བརྡ་ལབ་གླེང་དང་། བརྙན་འཕྲིན་ལ་ལྟ་བ་སོགས་ནི་ཆེས་དྲོད་ཁོལ་དང་བདེ་སྐྱིད་ལྡན་པའི་དུས་ཡིན་ཞེས་བཤད། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།