བོད་ཀྱི་སྟོངས་ལ་ཉེ་བའི་བ་གླང་གི་རྒྱུད་བཤུས་བེའུ་ཐོག་མ་སྐྱེས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     ཉེ་ཆར། མཚོ་བོད་ས་མཐོར་གནས་པའི་སྟོངས་ལ་ཉེ་བའི་འགྲམ་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་གི་ལུས་པོའི་ཕྲ་ཕུང་གི་རྒྱུད་བཤུས་ལག་རྩལ་བརྒྱུད། མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།

 

     ཁྲུང་ཆིང་གྲོང་ཁྱེར་ཡུན་དབྱང་བཤས་གླང་གསོ་ཚགས་ར་བར་ལས་དོན་མི་སྣས་བེའུ་ཁ་ཤས་ལ་ལྟོ་སྟེར་བ་དང་སྤུ་ཤད་རྒྱག་བཞིན་ཡོད། བེའུ་དེ་དག་ནི་ལུས་པོའི་ཕྲ་ཕུང་གི་རྒྱུད་བཤུས་ལག་རྩལ་ལ་བརྟེན་ནས་སྐྱེས་པའི་བོད་ལྗོངས་ཀྱི་འགྲམ་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་ཡིན་ལ། འཛམ་གླིང་ཐོག་བོད་ལྗོངས་ཀྱི་བ་གླང་རྒྱུད་བཤུས་བྱེད་ཐེངས་ཐོག་མ་དེའང་ཡིན།

 

     ཀྲུང་གོ་ཞིང་ལས་ཚན་རིག་ཁང་པེ་ཅིང་ཕྱུགས་ལས་ཕྱུགས་སྨན་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཡུས་ཏ་ཝེ་ཡིས། ང་ཚོས་འགྲམ་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་གི་རྣའི་ཕུང་གྲུབ་འཚོལ་བསྡུ་བྱས་ནས་ཚོད་ལྟ་ཁང་དུ་ལོག་རྗེས་ཚི་སྣའི་ཕྲ་ཕུང་མ་ལག་བཟོས་པ་དང་། དེ་རྗེས་ལུས་པོའི་ཕྲ་ཕུང་གི་ནང་སྙིང་སྤོ་འཛུགས་ལག་རྩལ་བེད་སྤྱད་དེ་རྒྱུད་བཤུས་སྦྲུམ་རྟེན་བཟོས་ནས་སྦྲུམ་ལྡན་བ་མོའི་ཁོག་ཏུ་བཅུག་པ་དང་། ཟླ་གྲངས་ཚང་བའི་མངལ་སྦྲུམ་པ་བརྒྱུད་རྒྱུད་བཤུས་བ་གླང་8སྐྱེས་ཡོད་ཅེས་གསུངས།

     འགྲམ་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་ནི་མཚོ་བོད་ས་མཐོར་མ་གཏོགས་མེད་པ་དང་། སྟོངས་ལ་ཉེ་བའི་གནས་སུ་གྱར་ཡོད། 2022ལོར་ཞིང་ལས་དང་གྲོང་གསེབ་པུའུ་དང་རྒྱལ་ཡོངས་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འགྲམ་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱ་སྤྱོད་ཛ་དྲག་ངང་སྤེལ་འགོ་བཙུགས་ཏེ། འགྲམ་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་གི་ཁྲག་འཚོལ་བསྡུ་བྱས་པ་དང་འབྲེལ་གཞི་རྒྱུ་ཆ་ཚང་བསྐྱར་དུ་ཚད་ལེན་བྱེད་པའི་གོ་རིམ་གྲངས་གཞི་འཚོལ་བསྡུ་བྱས་ཤིང་། མཇུག་ཏུ་ལུས་པོའི་ཕྲ་ཕུང་གི་སོན་སྲུང་དང་རྒྱུད་བཤུས་སྦྲུམ་རྟེན་སླར་གསོ་སོགས་ཀྱི་ལག་རྩལ་བརྒྱུད་བོད་ལྗོངས་ཀྱི་སྟོངས་ཉེར་ཡོད་པའི་ཕྱུགས་རྒྱུད་མྱུར་སྐྱོབ་དང་སྲུང་སྐྱོབ་ཐུབ་ཡོད་པ་རེད།

 

     ཀྲུང་གོ་ཞིང་ལས་ཚན་རིག་ཁང་པེ་ཅིང་ཕྱུགས་ལས་ཕྱུགས་སྨན་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡུས་ཏ་ཝེ་ཡིས། གོམ་སྟབས་རྗེས་མར། ང་ཚོས་བོད་ལྗོངས་ཀྱི་ས་གནས་དེ་གར་འགྲམ་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་གི་རྒྱུད་བཤུས་སྦྲུམ་རྟེན་སྤོ་འཛུགས་བྱས་ཏེ། རྒྱུད་བཤུས་ལག་རྩལ་དང་རྒྱུན་གཏན་གྱི་སོན་སྲུང་ལག་རྩལ་ཟུང་འབྲེལ་བྱས་ནས། རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་མ་ལག་འཐུས་ཚང་ཞིག་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།

 

རྩོམ་སྒྲིག་པ། ཁོན་ཐར་འཚོ།