2023ལོའི་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཕྱོགས་ཀྱི་དོན་རྐྱེན་ཆེན་པོ་བཅུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས25ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས2023ལོའི་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཁ་དབུགས་ཕྱོགས་ཀྱི་དོན་རྐྱེན་ཆེན་པོ་བཅུ་ཁྱབ་སྒྲོག་བྱས།

 

2023ལོའི་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་དྲོད་ཚད་ཅུང་མཐོ་ལ། ཆར་ཆུ་ཅུང་མོད། ལོའི་ཆ་སྙོམས་ཀྱི་དྲོད་ཚད3.4℃ཡིན་ཞིང་།  དུས་རྒྱུན་གྱི་དྲོད་ཚད་ལས0.6℃མཐོ་བ་རེད།  དཔྱིད་དུས་ཀྱི་དྲོད་ཚད་ལོ་སྔོན་མ་དག་དང་གཅིག་འདྲ་ཡིན་པ་དང་། དབྱར་སྟོན་དགུན་གསུམ་གྱི་དྲོད་ཚད་ཆ་སྙོམས་ཅུང་མཐོ་ལ། དེ་ལས་སྟོན་དུས་ཀྱི་ཅུང་མངོན་གསལ་རེད།   ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི409.6ཡོད་པ་དང་། དེ་ནི་ལོ་སྔོན་མ་དག་དང་བསྡུར་ན7.5%ཡིས་མང་པ་རེད།  དབྱར་དུས་ཆར་ཆུ་ཅུང་འབབ་ཉུང་བ་དང་། དགུན་དཔྱིད་སྟོན་གསུམ་གྱི་ཆར་ཆུ་འབབ་ཚད་ཅུང་མང་བ་རེད། ལོ་ཧྲིལ་བོའི་ནང་དྲག་ཆར་དང་། གྲང་རྒྱུན་དང་བྱེ་རླུང་།  ཉིན་ཤས་རིང་གནམ་རུབ་པ་ནས་ཆར་འབབ་སོགས་གནམ་གཤིས་ཅུང་མང་བ་དང་། ཆེད་མཁས་པས་དཔྱད་པ་བརྒྱུད་གཤམ་དུ2023ལོའི་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་སྐོར་གྱི་དོན་རྐྱེན་བཅུ་འགོད་པ་བྱ།

གཅིག   ཟླ་བ2པར་ཁངས་འབབ་ཚུལ་མང་ལ་གནམ་གཤིས་གྲང་ངར་ཆེ། 

ཟླ2པའི་ནང་ཞིང་ཆེན་ཡོངས་ཀྱི་ཆར་ཆུ་འབབ་ཚད་ལོ་སྔོན་མ་དག(1961ལོ་ནས་བཟུང་། གཤམ་དང་གཅིག་འདྲ་ཡིན། )གི་དུས་མཉམ་ལས་ཨང་གཉིས་པ་ལས་མང་བ་རེད། དམར་གཙང་དང་། ལུང་མདོ། གཞོང་ཐང་། རྐང་ཚ།  མང་རྫོང་བཅས་ཀྱི་ཆར་ཆུ་འབབ་ཚད་ལྡབ1.5ནས5.7ཡི་མང་བ་དང་། ལོ་རྒྱུས་ཀྱི་མཐོ་ཤོས་སུ་ཆགས་ཡོད།  ཁངས་འབབ་ཚད་ཀྱང་ཅུང་ཕྱོགས་བསྡུས་ཡིན།  ཟླ8ནས23བར་ཞིང་ཆེན་ཡོངས་སུ་བསྟུད་མུར་ཁངས་བབས་པའི་གནམ་གཤིས་ཐེངས4ལ་བྱུང་བ་དང་། ཤར་བརྒྱུད་ཞིང་ལས་ས་ཁུལ་གྱི་ཆར་ཆུ་འབབ་ཚད་ལྡབ4.1 ཡི་མང་བ་རེད།   དམར་གཙང་དང་། ལུང་མདོ། གཞོང་ཐང་། སྟོང་སྐོར། གསེར་ཆེན།  གཏེར་ལེན་ཁ།  རྨ་སྟོད་བཅས་ཀྱི་ཉིན་རེའི་ཆར་ཆུ་འབབ་ཚད་ས་གནས་ཀྱི་ཟླ་གཉིས་པའི་ནང་གི་མཐོ་ཤོས་སུ་ཆགས།

གཉིས།   དཔྱིད་དུས་གངས་སྐྱོན་བྱུང་བ་ཉེ་བའི་ལོ15ཡི་རིང་གི་མང་ཤོས་རེད།

དཔྱིད་དུས་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཤོས་ལ་ཁ་བ་ཐེངས་བཅུ་ལ་བབས་པའི་གནས་ཚུལ་བྱུང་།  ཆུ་གསུམ་འགོ་ཁུངས་དང་།  མདོ་ལ་རི་ཁུལ། མཚོ་སྔོན་པོའི་རྒྱུད།  ཤར་རྒྱུད་ཞིང་ལས་ས་ཁུལ་བཅས་སུ་ཚད་རིམ་མི་འདྲ་བའི་ཁངས་གསོག་བརྒྱབ་ཅིང་། ཁངས་གསོག་གི་མཐུག་ཚད(དགའ་བདེ)ལི་སྨད13ཡོད་པ་དང་། ཁངས་གསོག་པའི་དུས་ཡུན་ཆེས་རིང་བ་ཉིན12རེད། བྲག་དཀར་རྫོང་དང་། མང་རྫོང་། ཧོ་ནན། དགའ་བདེ།  རྒྱ་མདོ།  རེབ་གོང་བཅས་སུ་ཚད་རིམ་མི་འདྲ་བའི་གངས་སྐྱོན་ཐེངས10ལ་བྱུང་ནས་ཉེ་བའི་ལོ15ཡི་རིང་གི་མང་ཤོས་སུ་ཆགས།

གསུམ།  ཟླ4བ་ནས5པའི་བར་བར་འཁྱགས་བྱུང་ནས་ས་ཞིང་རྨོ་འདེབས་དུས་ཚོད་ཕྱི་འགྱངས་བྱས།

ཟླ4བའི་ཟླ་མཇུག་ནས་ཟླ5པའི་ཟླ་སྟོད་བར་དུ།  ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་དྲོད་ཚད4.7℃ཡིན་ཞིང་། ཉེ་བའི་ལོ་ངོ30རིང་གི་ཆེས་དམའ་བ་དེ་རེད།  ཆ་སྙོམས་ཀྱི་ཆར་བ་འབབ་ཚད་ལ་ཧོད་སྨི33.4ཡོད་པ་དང་། ལོ་རྒྱུས་ཀྱི་དུས་མཉམ་གྱི་ཨང་གསུམ་པ་ལས་མང་བ་རེད། ཆ་སྙོམས་ཀྱི་ཉི་འོད་འཕྲོས་ཚད་ཆུ་ཚོད114.7ཡིན་པ་དང་། ལོ་རྒྱུས་ཀྱི་དུས་མཉམ་ལས་ཆེས་ཉུང་བ་རེད།  བར་འཁྱགས་ཀྱི་དབང་གིས་གྲོ་དང་སྐེ་ཚེ་སོགས་ཀྱི་མྱུ་གུ་སྐྱེས་འཚར་དུས་ཡུན་ཉིན4ནས27ཕྱི་འགྱངས་བྱས། 

བཞི། དཔྱིད་དུས་བྱེ་རླུང་བའི་ལྡང་བའི་གནམ་གཤིས་ཉེ་བའི་ལོ20ལས་ཆེས་མང་བ་རེད།

དཔྱིད་དུས་བྱེ་རླུང་ལྡང་བའི་གནམ་གཤིས་ཐེངས10ལ་བྱུང་ཞིང་།  རང་ཞིང་གི་གྲོང་ཁྱེར(ཁུལ)8དང་རྫོང(ཆུས)33ལ་ཤུགས་རྐྱེན་ཐེབས་པ་དང་། ཉེ་བའི་ལོ20རིང་གི་ཆེས་མང་བ་རེད།  དེའི་ནང་ཟླ4ཚེས4ཉིན་ཚྭ་འདམ་གཞོང་དུ་བྱེ་རླུང་དྲག་པོ་ལྡང་བ་དང་། ས་སྙོམས་ཀྱི་མཐོང་ཚད་སྨི150ཡིན་པ་རེད།  བྱེ་རླུང་དེ་དུས་ཡུན་རིང་ཞིང་།  ཁ་དབུགས་ཀྱི་སྤུས་ཚད་དང་དམངས་ཀྱི་ཐོན་སྐྱེད་འཚོ་བ། འགྲིམ་འགྲུལ་སྐྱེལ་འདྲེན་ལ་ཤུགས་རྐྱེན་ཐེབས།ལྔ། དབྱར་དུས་ཀྱི་བྱང་རྒྱུད་ས་ཁུལ་གྱི་གནམ་གཤིས་སྐམ་ཤས་ཆེ་ལ་དུས་ཡུན་རིང་།

དབྱར་དུས་རང་ཞིང་གི་བྱང་རྒྱུད་ས་ཁུལ་གྱི་གནམ་གཤིས་དྭངས་ལ་ཚྭ་བ་ཆེ་བ། ཆར་བ་ཉུང་བ་རེད། ནང་སྒོས་སུ་ཤར་རྒྱུད་ཞིང་ལས་ས་ཁུལ་དང་། མདོ་ལ་རི་ཁུལ། མཚོ་སྔོན་པོ་རྒྱུད་བཅས་སུ་ཆར་བ་ཉུང་ལ། ཚ་བ་ཆེ་བ་བྱུང་། ས་གནས་སོ་སོ་རུ་ཡང་ཚད་རིམ་མི་འདྲ་བའི་ཐན་པ་བྱུང་། དེ་ལས་རྒྱ་མདོ་ལ་ཉིན48རིང་ཐན་པ་ཆེ་བ་ནས་ཛ་དྲག་བྱུང་ནས་ཡུལ་དེའི་ལོ་རྒྱུས་སྟེང་གི་དུས་ཡུན་རིང་ཤོས་སུ་ཆགས།   གཞོང་ཐང་རྫོང་དུ་ཚ་བ་ཆེ་བ་ནས་ཧ་ཅང་ཆེ་བའི་ཐན་པ་ཉིན20རིང་ལ་བྱུང་ནས་ཁྲུན་ཁུག་གྲོང་རྡལ་དང་། པ་ཀྲོའུ་གྲོང་རྡལ་སོགས་ལ་ཐན་པ་བྱུང་།

དྲུག   དབྱར་གཞུང་དུ་རྨ་འབྲི་རྫ་གསུམ་འགོ་ཁུངས་སུ་ཐན་པ་ནས་ཆར་ཞོད་བྱུང་སྟེ་ཆུ་ལོག་ཆེན་པོ་བྱུང་།

ཟླ8པར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཐན་པ་བྱུང་རྗེས་གློ་བུར་དུ་ས་ཆ་མང་ཤོས་ལ་ཆར་ཞོད་ཆེན་པོ་ཐེངས་ལྔ་བ་ལ་བབས་ཤིང་།  དྲག་ཆར་ཐེངས་གཉིས་ལ་བབས་པ་ལོ་རྒྱུས་སྟེང་ཆེས་མང་པ་རེད།  ཆར་ཞོད་དེས་ཤུགས་རྐྱེན་འོག་ཐོ་ཐོ་གཙང་བོ་འབབ་རྒྱུད་དང་།  འབྲི་ཆུའི་མགོ་ཁུངས་ཀྱི་གྲུ་མེད་མདའ་ས་ཚིགས་སུ་ཆུ་ལོག་ཆེན་པོ་བྱུང་བ་དང་། ཐོ་ཐོ་གཙང་བོའི་ཆུ་ལོག་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ892དང་། གྲུ་མེད་མདའ་ཡི་ཆུ་ལོག་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ4210ལ་བསླེབས། 

བདུན།  ཟླ9པར་ས་གནས་མང་ཤོས་ལ་དྲག་ཆར་བབས།

ཟླ9བའི་ནང་ཞིང་ཆེན་ཡོངས་སུ་དྲག་ཆར་དང་དེ་ཡན་གྱི་ཆར་བ་ཐེངས20ལ་བབས་པ་དང་།  ལོ་རྒྱུས་ཀྱི་མང་ཤོས་སུ་ཆགས།  དེ་ལས་ཚེས7ཉིན་གཞོང་ཐང་རྫོང་ཀན་ཀུའུ་ཡུལ་ཚོའི་ལི་ཅཱ་སྡེ་བར་དྲག་ཆར་བབས་པ་དང་།  ཉིན་ཆར་ཆུ་འབབ་ཚད་ཧའོ་སྨི101ལ་བསླེབས།  མང་རྫོང་གི་ཉིན་ཆར་ཆུ་འབབ་ཚད་ཡུལ་དེའི་ཟླ་བ་དགུ་བའི་ནང་གི་ཆེས་མང་ཤོས་སུ་ཆགས།  རྟ་ཐང་དང་ཧོང་ཀྲུང་།  བ་ཡན།  ཡ་རྫི། ཁྲི་ཀ  དགའ་བདེ་སོགས་སུ་དྲག་ཆར་བབས་ནས་ཆུ་ལོག་ཐེངས་བདུན་ལ་བྱུང་།

བརྒྱད།   སྟོན་དུས་སུ་ཤར་རྒྱུད་ཞིང་ལས་ས་ཁུལ་ལ་ཚ་བ་ཆེན་པོ་བྱུང་།

སྟོན་དུས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་དྲོད་ཚད0.9℃སྟེ་ལོ་སྔོན་མ་དག་ནས་ཅུང་མཐོ་བ་དང་།  དེ་ལས་དབུས་ཤར་རྒྱུད་ཀྱི་ཞིང་ལས་ས་ཁུལ་གྱི་དྲོད་ཚད1.2℃སྟེ་ཚ་བ་ཅུང་མཐོ་བ་མངོན་གསལ་ཡིན་པ་དང་། ལོ་རྒྱུས་ཀྱི་དུས་མཉམ་ལས་ཚ་བ་མཐོ་ཚད་ཨང་གཉིས་པ་རེད།   ཟླ9པའི་ཟླ་སྟོད་དུ། ཤར་རྒྱུད་ཞིང་ལས་ས་ཁུལ་དུ་དྲོད་ཚད30℃ཡན་གྱི་ཚ་བ་རྒྱས་ཤིང་ཐེངས14ལ་བྱུང་བ་དང་།  ཉེ་བའི་ལོ་ངོ40རིང་གི་ཚ་བ་ཆེ་ཤོས་སུ་ཆགས།  ཟླ11པའི་ཟླ་མགོར་ཤར་རྒྱུད་ཞིང་ལས་ས་ཁུལ་ས་ཚིགས་བདུན་གྱི་ཉིན ་ཚ་བ་ཆེས་མཐོ་ཚད་ཟླ11པའི་ཚ་བ་ལས་བརྒལ།

  དགུ།  ཟླ12པར་ཟླ་དཀྱིལ་དུ་བར་གྲང་རྒྱུན་དྲག་པོའི་གནམ་གཤིས་བྱུང་།

   ཟླ12པའི་ཟླ་དཀྱིལ་དུ་ཞིང་ཆེན་ཡོངས་སུ་གྲང་རྒྱུན་གནམ་གཤིས་ཐེངས3ལ་བྱུང་བ་དང་། ས་ཆ་མང་ཤོས་ལ་ཤུགས་རྐྱེན་ཐབས།  གྲོང་ཁྱེར(ཁུལ)8གྱི་རྫོང(ཆུས)40ལ་ཚད་རིམ་མི་འདྲ་བའི་གྲང་རྒྱུན་གྱིས་ཤུགས་རྐྱེན་ཐེབས། དེའི་ནང་ཚབས་ཆེ་བ་ཐེངས43ལ་བྱུང་ཞིང་། ལོ་ངོ25རིང་གི་མང་ཤོས་སུ་ཆགས།  ས་ཚིགས30ཡི་ཉིན་གྲང་རྒྱུན་གྱི་དྲོད་ཚད་ཆེས་དམའ་བ-20℃མན་དང་།  ཐོ་ལེའི་ཉིན་གྲང་རྒྱུན་ཆེས་དམའ་བ-34.6℃རེད་ལ།  དྲོད་ཚད་མར་ཆག་ཚད20.1℃ཡིན་པ་ལོ་རྒྱུས་སྟེང་ཆེས་འཁྱགས་པའི་ནམ་ཟླ་བྱུང་། 

བཅུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནམ་རུབ་པ་ནས་ཆར་བ་འབབ་ཐེངས་ཀྱང་ལོ་རྒྱུས་ཀྱི་ཆེས་མང་བ་རེད།

    2023ལོར་རྨ་འབྲི་རྫ་གསུམ་འགོ་ཁུངས་སུ་གནམ་རུབ་པ་ནས་ཆར་བ་བབས་པའི་གནམ་གཤིས་ཐེངས119ལ་བྱུང་བ་དང་།  ལོ་རྒྱུས་ཀྱི་མང་ཤོས་སུ་ཆགས།  དེ་ལས་ཆར་ཆུ་མོད་པའི་དབྱར་དུས་ཀྱིས་ལོ་ཧྲིལ་བོའི61.3%ཟིན།  རྨ་ལྷོ་ལྷོ་རྒྱུད་དང་།  མགོ་ལོག་གི་ས་ཆ་མང་ཤོས་བཅས་སུ་ཉིན་10ནས14བར་བསྟུད་མར་གནམ་རུབ་ཅིང་ཆར་བ་བབས། དེའི་ནང་པདྨ་རྫོང་གི་ཆར་ཆུ་འབབ་ཚད་སྔ་གཞུག་རིམ་རྩིས་བྱས་ན་ཧའོ་སྨི92བབས་པ་དང་། ས་གནས་ཀྱི་ཉེ་བའི་ལོ་ལྔའི་རིང་གི་མང་ཤོས་སུ་ཆགས། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།