མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མངགས་བཅོལ་ཡིད་བཅངས་དང་དྲིན་ཚོར་ཡར་བརྩོན།མཐུན་སྒྲིལ་འབད་འཐབ།ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ།འཐབ་ལམ་གསར་པའི་སྟེང་སྔར་ལས་ངོ་མཚར་བའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་དགོས།

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས་པ།

ཁྲེན་ཀང་གིས་མགོ་འཛིན་བྱས།ཝུའུ་ཞའོ་ཅུན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

ཟླ1པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས།

ཟླ1པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས།    

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི390ཡོད་པ་དང་། དངོས་སུ་ཞུགས་པའི་མི368ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

སྔ་དྲོའི་དུས་ཚོད9ཡི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་མགོ་བརྩམས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཀང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ལི་མིང་དང་དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་། ཁྲེན་ཏུང་ཁྲང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

སྤྲོ་སེམས་འཁོལ་བའི་ཐལ་མོའི་སྡེབ་སྒྲའི་ཁྲོད། ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལ་བསྡོམས་པས་ཁག་གསུམ་ཡོད་པ་དང་། ཁག་དང་པོས2023ལོའི་བྱ་བར་ཕྱིར་ལྟ་བྱས་པ་དང་། ཁག་གཉིས་པ་ནི2024ལོའི་དམིགས་འབེན་ལས་འགན་དང་བྱ་བ་གཙོ་བོ་ཡིན་ལ། ཁག་གསུམ་པ་ནི་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་དགོས་པ་བཅས་རེད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། 2023ལོར། རྙོག་འཛིང་ལྡན་ལ་ཛ་དྲག་ཆེ་བའི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་དཀའ་སྡུག་ཆེ་ལ་འགན་ཁུར་ལྕི་བའི་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་རླིང་ལས་འགན་ལ་ཁ་གཏད་དེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། གོ་སྐབས་དམ་དུ་བཟུང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁག་ཁུར་དངོས་སྒྲུབ་ཀྱིས་དོན་འཁྱོལ་དམ་འཛིན། དཔལ་འབྱོར་རླབས་ཕྲེང་བཞིན་འཕེལ་རྒྱས་དང་ཀྱག་ཀྱོག་གིས་མདུན་སྐྱོད་བྱེད་པ་བཅས་ཀྱིས། ལོ་ཧྲིལ་པོའི་དཔལ་འབྱོར་གྱི་འཁོར་སྐྱོད་དེ་སྔོན་ལ་མཐོ་ཞིང་བར་དུ་རྒྱས་བ་དང་མཇུག་ཏུ་བརྟན་པའི་གནས་བབ་མངོན་ཡོད། སྤྱི་ཁོག་གནས་བབ་ལེགས་ཤིང་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་གིས་ཡོངས་འགྲུབ་བྱས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། འཕེལ་རྒྱས་ཀྱི་བརྟན་བརླིང་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཐད་གྲུབ་འབྲས་གསར་པ་མངོན་པ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་ཐད་རྣམ་པ་གསར་པ་མངོན་ལ།ཐོན་ལས་ཀྱིགནས་བཞིཡིས་སྒུལ་ནུས་གསར་པ་བཏོན་པ། བཅོས་བསྒྱུར་སྒོ་འབྱེད་ཀྱིས་གསོན་ཤུགས་གསར་པ་བསླངས་པ། བདེ་འཇགས་འགན་སྲུང་ཐད་ཤུགས་སྣོན་གསར་པ་མངོན་འགྱུར་བྱུང་བ་དང་། དམངས་འཚོའི་བདེ་སྐྱིད་ཐད་མཐོར་འདེགས་གསར་པ་བྱུང་བས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་བརྟན་པོ་སྤོས་ཡོད། ན་ནིང་གློ་བུར་དུ་བྱུང་བའི་ཚད་རིམ6.2ཅན་གྱི་ཀ་ཇུ་ས་ཡོམ་ལ་ཁ་གཏད་དེ། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པ་དང་། ས་ཡོམ་བྱུང་བ་ཤེས་རྗེས་མྱུར་དུ་འགུལ་སྐྱོད་བྱས་པ་དང་མཉམ་དུ་ནུས་ཤུགས་བཏོན་ནས། ཡོམ་འགོག་རྒུད་སྐྱོབ་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་གྱི་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་ཏེ། ཡོམ་འགོག་རྒུད་སྐྱོབ་དང་གཞིས་ཁྱིམ་བསྐྱར་སྐྲུན་གྱི་སྟོབས་ཤུགས་ཆེན་མོ་གཅིག་ཏུ་བསྒྲིལ་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་དང་འགག་གནད་སྐོར་ཞིག་ནུས་ལྡན་སྒོས་མེད་པར་བཟོས་ལ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་མཐོར་འདེགས་གསར་པ་བྱུང་ཡོད།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ལ་ཕྱིར་ལྟ་བྱས་ན། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་རེ་རེ་བླངས་པ་དང་འཕོ་འགྱུར་རེ་རེ་བྱུང་བ་ནི། མཐར་གཏུག་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་བཀོད་སྒྲིག་དང་ཐུགས་ཁུར་ཟབ་མོ་ལ་རག་ལས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ཡོད་པས། ཞིང་ཆེན་ཏང་ཨུས་མཐུན་སྒྲིལ་སྒོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་བསྟུད་མར་སྙིང་རུས་ཆེན་པོས་་ཞུམ་མེད་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ནུས་ལྡན་ལྟ་སྐུལ་དང་རྒྱབ་སྐྱོར་ཆེན་པོ་བྱས་པའི་གྲུབ་འབྲས་ཀྱང་ཡིན་པས། ཚང་མས་རྔུལ་ཆུ་བཏོན་ཞིང་། མི་ཕལ་བ་རེ་རེས་ཕལ་བ་མ་ཡིན་པའི་ལས་རྐང་སྟེང་ནས་བཞག་པའི་བྱས་རྗེས་ཡིན་པ་ང་ཚོས་གསལ་པོར་ཤེས་ཡོད། གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་མཉམ་དུ། ང་ཚོས་རིག་པ་གསལ་བོའི་སྒོ་ནས་ཤེས་དགོས་པ་ནི། འཕེལ་རྒྱས་ཀྱི་རྨང་གཞི་ཞན་ཞིང་འཕེལ་རྒྱས་དོ་མཉམ་མིན་པ་ནི་སྔར་བཞིན་མཚོ་སྔོན་གྱི་ད་སྔའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡིན་པས། ང་ཚོས་ངེས་པར་གནད་དོན་ལ་གདོང་གཏད་དེ་དཀའ་སེལ་མདུན་སྐྱོད་བྱེད་པ་དང་། སྔར་ལས་ནུས་ལྡན་སྒོས་ཐག་གཅོད་ལེགས་པོ་བྱེད་དགོས་པ་དེ་རེད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འགོར་བའི་ལོ་ཡིན་ལ། ལྔ་བཅུ་བཞིཡི་འཆར་འགོད་དམིགས་འབེན་ལས་འགན་མངོན་འགྱུར་འབྱུང་བའི་གནད་འགག་གི་ལོ་ཡང་ཡིན། སྲིད་གཞུང་གི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་བྱེད་པ། ཆེས་ཆེ་བ་གསུམགྱི་ཞིང་ཆེན་གནས་མཚམས་དངཆེས་གལ་ཆེ་བ་གསུམགྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་མྱུར་དུ་འདྲེས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ནང་མཁོ་རྒྱ་སྐྱེད་པ་དང་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཉིས་གཅིག་གྱུར་འཆར་འགོད་བྱེད་པ། ལས་བྱེད་པས་བསྒྲུབ་དགོས་པ་དང་རིག་ལམ་གསལ་དགོས་པ། རང་གཅུན་ནན་མོ་བྱེད་པཡི་བླང་བྱ་ལག་ལེན་ཏུ་བསྟར་བ། གསར་སྐྲུན་གསར་བཏོད་དང་ཡར་རྒྱས་བརྩོན་ལེན་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལསགནས་བཞིབསྐྲུན་པའི་ཐད་ནས་གྲུབ་འབྲས་གསར་པ་ལེན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བར་ཧུར་ཐག་བྱེད་དགོས།

ད་ལོའི་འཕེལ་རྒྱས་ཐད་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན5%ཡས་མས་འཕར་བ་དང་། མཁར་གྲོང་ལ་མི་ཁྲི6ཡན་གྱི་ལས་ཞུགས་གསར་སྣོན་བྱེད་པ། རོང་འབྲོག་ཁུལ་གྱི་རྩོལ་པོའི་ལས་ཞུགས་མི་ཐེངས་ཁྲི106ཡན་ལ་སླེབས་པ། མཁར་གྲོང་གི་བརྟག་ཞིབ་ལས་ཤོར་ཚད5.5%ཡས་མས་སུ་ཚོད་འཛིན་བྱེད་པ། སྡོད་དམངས་ཡོངས་ཀྱི་ཆ་སྙོམས་ཡོང་སྒོའི་འཕར་ཚད་དཔལ་འབྱོར་འཕར་ཚད་དང་མཉམ་པར་བྱེད་པ། སྡོད་དམངས་ཀྱི་མཛད་སྤྱོད་རིན་གོང3%ཡས་མས་སུ་འཕར་བ། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི107ཡན་དུ་འཛིན་པ། འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུད་དང་རྫ་ཆུའི་ཞིང་ཆེན་བརྒལ་མཚམས་ཀྱི་ཆུ་སྤུས་རིགསདང་དེའི་ཡན་དུ་འཛིན་པ། མཁའ་དབུགས་གཙང་མའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་དུ་སླེབས་པ། ནུས་ཁུངས་གྲོན་ཚདལྔ་བཅུ་བཞིའཆར་འགོད་སྐབས་སུ་གཅིག་གྱུར་འཆར་འགོད་ཀྱིས་རྒྱལ་ཁབ་ཀྱི་གཏན་ཁེལ་དམིགས་འབེན་ལྟར་འགྲུབ་པ། སྙིགས་རྫས་གཙོ་བོའི་སྐྱུངས་འཕྲི་རྒྱལ་ཁབ་ཀྱིས་བཏོན་པའི་དམིགས་འབེན་ལྟར་འགྲུབ་པ་བཅས་སོ། །

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། གོང་གསལ་དམིགས་འབེན་མངོན་འགྱུར་བྱེད་པ་ལ། སྤུས་མཐོའི་འཕེལ་རྒྱས་དེ་དུས་རབས་གསར་པའི་འགྱུར་མེད་གནས་ལུགས་སུ་བསམ་ནས་རྒྱུན་འཁྱོངས་བྱེད་དགོས་ལ། བརྟན་བརླིང་ངང་ཡར་རྒྱས་སྙེག་པ་དང་ཡར་རྒྱས་ཁྲོད་བརྟན་བརླིང་ཡོང་བར་བྱས་ཏེ། རྙིང་གཏོར་གསར་གཏོད་དང་དཀའ་གནད་འགག་སྒྲོལ། གནད་འགག་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ཏེ། ཕྱོགས་བརྒྱད་ཀྱི་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས། གཅིག་ནས་མཛེས་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་པར་དམིགས་ནས། ཆུ་ཚད་སྔར་ལས་མཐོ་བའི་སྲུང་སྐྱོབ་ལ་སྐུལ་འདེད་ཧུར་ཐག་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་འཛུགས་སྐྲུན་ལ་སྤུས་མཐོ་ཕན་མཐོའི་ངང་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་སླར་གསོ་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་ལ་ཧུར་ཐག་བརྟན་བརླིང་གིས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་གི་འཛུགས་སྐྲུན་ལ་ཚན་རིག་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་དགོས། གཉིས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་དམིགས་ནས། ལྗང་མདོག་ཐཱན་ཉུང་གི་སྤུས་མཐོའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། གསར་གཏོད་དང་སྦྲེལ་གདང་ལ་སྔར་ལས་ལྷག་པའི་སྟོབས་ཤུགས་ཀྱིས་སྐུལ་འདེད་གཏོང་བ་དང་། རྣམ་པ་བསྒྱུར་བ་དང་སྤུས་ཀ་འདེགས་པར་སྔར་ལས་ཞིབ་པའི་བྱེད་ཐབས་ཀྱིས་སྐུལ་འདེད་གཏོང་བ། ཨང་ཀིའི་ནུས་སྟོབས་སྔར་ལས་མཐོ་བའི་ཆུ་ཚད་ཀྱིས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནས་ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་གཏོང་བར་དམིགས་ནས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བསྟུད་མར་བརྟན་བརླིང་གིས་འཕེལ་བར་སྐུལ་འདེད་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་དངུལ་གཏོང་གི་བར་སྟོང་ནུས་ལྡན་སྒོས་རྒྱ་བསྐྱེད་པ་དང་། ཐབས་མང་མཉམ་འདོན་གྱིས་མཛད་སྤྱོད་བསྟུད་མར་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ། ནོར་ཁྲལ་དང་དངུལ་རྩའི་འདེགས་རྟེན་ཧུར་ཐག་གིས་ཇེ་དྲག་ཏུ་གཏོང་དགོས། བཞི་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་དམིགས་ནས། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་གཅིག་བསྡུས་ཀྱིས་ཇེ་དྲག་ཏུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་དང་འགག་སྒྲོལ་ཇེ་ཟབ་ཏུ་གཏོང་བ་དང་། བདག་གཉེར་གཙོ་གཞི་སྣ་ཚོགས་ཀྱི་གསོན་ཤུགས་ནུས་ལྡན་ངང་སློང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བསྟུད་མར་སྐུལ་འདེད་གཏོང་དགོས། ལྔ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་དམིགས་ནས། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་ལ་སྐུལ་འདེད་གང་ལེགས་བྱེད་དགོས། ལྷོད་གཡེང་མེད་པར་འབྲུ་རིགས་ཀྱི་ཐོན་སྐྱེད་དམ་དུ་འཛིན་པ་དང་། གནད་ཁེལ་དོན་ལྡན་གྱིས་ཞིང་སྡེའི་ཐོན་ལས་གསོ་སྐྱོང་བྱེད་པ། ཞིང་སྡེའི་འཛུགས་སྐྲུན་དང་བཅོས་སྐྱོང་ལ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་དགོས། དྲུག་ནས་མཉམ་འདྲེས་དང་མཉམ་འབྲེལ་དང་མཉམ་སྤྱོད་ལ་དམིགས་ནས། མངའ་ཁོངས་བར་མཐུན་འགྲིག་གིས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གང་ནུས་བྱེད་དགོས། ཁྱད་ཆོས་འབུར་དུ་དོད་ནས་ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སློང་བ་དང་། མི་གཞི་རྩར་བཟུང་ནས་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཉིས་ཕན་མཉམ་རྒྱལ་གྱི་ངང་ནས་མཉམ་ལས་དང་བརྗེ་རེས་གཏིང་ཟབ་ཏུ་གཏོང་དགོས། བདུན་ནས་མང་ཚོགས་ཀྱི་དགོས་མཁོ་དང་རེ་བར་དམིགས་ནས། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཧུར་ཐག་གིས་མཐོར་འདེགས་གཏོང་དགོས། ལས་ཞུགས་དམིགས་སུ་འཛིན་པའི་ཁ་ཕྱོགས་སྔར་ལས་འབུར་ཐོན་དུ་བཟུང་ནས་མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པ་དང་། མི་དམངས་ཀྱི་བདེ་ཐང་ལ་སྔར་ལས་ལེགས་པར་འགན་སྲུང་བྱེད་པ། སྤྱི་ཚོགས་ཀྱི་འགན་སྲུང་དང་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། རིག་གནས་ལུས་རྩལ་གྱི་ལས་དོན་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་དང་། ས་འགུལ་བྱུང་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས། བརྒྱད་ནས་འགན་སྲུང་ཇེ་དྲག་དང་ཉེན་ཁ་འགོག་སྲུང་ལ་དམིགས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་ཅི་ནུས་བྱེད་དགོས། ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སྐྱུང་ལ་དམ་འཛིན་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་གཏོང་དགོས། ང་ཚོས་སྔར་མུས་བཞིན་རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། དམག་དམངས་མཉམ་འདྲེས་ངང་སྤུས་མཐོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཐོག་མཐའ་བར་གསུམ་དུ་སྲིད་དམག་དམངས་གསུམ་ཀྱི་མཐུན་སྒྲིལ་རྡོ་རྗེ་བཞིན་བརྟན་པར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དོན་ལྡན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཆབ་སྲིད་ཆེ་ཤོས་སུ་བརྩིས་ནས། སྔར་ལས་ལྷག་པར་མཚོ་སྔོན་རྟོགས་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་བར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་འཛིན་པ་དང་སྤེལ་བ་དང་སྲུང་བ་བཅས་ཀྱིས། ལས་བྱེད་པས་བསྒྲུབ་དགོས་པ་དང་རིག་ལམ་གསལ་དགོས་པ། རང་གཅུན་ནན་མོ་ཡིན་དགོས་པ། ཆབ་སྲིད་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས་དོན་འཁྱོལ་འཛིན་པ་དང་། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་ཀྱིས་དོན་འཁྱོལ་འཛིན་པ། ནུས་པ་དང་འཇོན་ཐང་མཐོར་འདེགས་བཏང་ནས་དོན་འཁྱོལ་འཛིན་པ། བྱ་བའི་སྤྱོད་ཚུལ་ལེགས་བཅོས་བྱས་ནས་དོན་འཁྱོལ་འཛིན་པ། སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དོན་འཁྱོལ་འཛིན་པ་་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པའི་ལག་བསྟར་པ་དང་འགུལ་སྤྱོད་པ་དང་དོན་གཉེར་མཁན་ཡག་པོ་ཞིག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མཇུག་མཐར་ནན་གྱིས་བསྟན་དོན། མཚོ་སྔོན་མི་དམངས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་ལ། གཞུང་རྒྱུད་དྲང་ཞིང་བློ་རིག་ལྡན། མཐོ་སྒང་གི་འཛིན་མར་སྐྱེ་སྟོབས་ལྡན་ཞིང་མདུན་ལྗོངས་ཡག་པས། རང་ཞིང་ནི་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་ལྷག་པར་མཐུན་སྒྲིལ་དམ་ཟབ་བྱེད་པ། མངགས་བཅོལ་ཡིད་བཅངས་དང་དྲིན་ཚོར་མདུན་སྐྱོད།མཐུན་སྒྲིལ་འབད་འཐབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་པ་དང་མི་རིགས་བསྐྱར་དར་འབྱུང་བའི་འཐབ་ལམ་གསར་པའི་སྟེང་སྔར་ལས་ངོ་མཚར་བའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ཅུན་རིམ་པའི་དམག་དཔུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་རྣམས་ཚོགས་ཆེན་དུ་ཞུགས་པ་དང་ཟུར་ཞུགས་བྱས་ཏེ་ཀྲུའུ་ཞི་སྟེགས་བུར་བསྡད་ཡོད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་མིའམ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ཨུ། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གདན་ཞུ་ལྟར་ཚོགས་ཆེན་དུ་ཞུགས་ཏེ་ཀྲུའུ་ཞི་སྟེགས་བུར་བསྡད།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན། ཞིང་ཆེན་སྒྲིག་ཨུ་དང་ལྟ་སྐུལ་ཨུ་ལྷན་གྱི་ཞིང་ཆེན་དམངས་ཆེན་སྡེ་ཁག་ཏུ་སྡོད་པའི་སྒྲིག་ཞིབ་ལྟ་སྐུལ་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་གྲུབ་ཚན་སྡེ་ཁག་དང་ཐད་གཏོགས་སྡེ་ཁག ཕྱིར་མངགས་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་སྐུལ་ཨུ་ལྷན་དང་ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་མཚོ་སྔོན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་རྫོང་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ཆེན་དུ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།