【ཚོགས་ཆེན་གཉིས་གནད་གླེང་། 】 གཞི་རིམ་གྱི་འདུན་པ་བཟང་བོ་བསྣམས་ནས་མང་ཚོགས་ཀྱི་འགྲིན་ཚབ་བཟང་བོ་བྱེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཁ་སང་དེ་རིང་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་དུས་ལྟར་ཚོགས་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་གནས་སོ་སོའི་འཐུས་མི་རྣམས་གྲོང་ཁྱེར་ཟི་ལིང་དུ་འཛོམས་ཏེ་ཚོགས་ཆེན་ལ་འབྱོར་ཐོ་བཀོད།  ཁོ་ཚོས་འདྲུད་སྒམ་ནང་དུ་གྲོས་གཞི་དང་གྲོས་འགོ་གསར་པ་བཅུག་ཅིང་། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་མངགས་བཅོལ། དེ་མིན་གཞི་རིམ་མང་ཚོགས་ཀྱི་སེམས་འདུན་དང་གཏམ་བཟང་བཅས་བཅུག་ཡོད།   མ་འོང་བའི་ཉིན་འདི་དག་རིང་ལ།  ཁོ་ཚོས་རང་འགན་ཁུར་དུ་བླངས་ནས་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་བློ་འདོན་ཇུས་འབུལ་བྱ་རྒྱུ་རེད། 

ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་བསོད་དོན་གྲུབ་ཀྱིས་མཚོ་སྔོན་གྱི་སྤུས་ལེགས་པའི་འཕེལ་རྒྱས་ལ་རིག་མཛོད་ཀྱིས་སྟོབས་ཤུགས་འབུལ་དགོས་ཞེས་པའི་བསམ་འཆར་སྐོར། 

ངས་སྔར་བཞིན་མི་འགྱང་བར་འབུལ་རྒྱུ་ཡིན་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་དོ་སྣང་བྱེད་འདོད”ཅེས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་ཏང་ཙུའུ་ཡི་ཧྲུའུ་ཅི།  གླིང་གཙོ་བསོད་དོན་གྲུབ་ཀྱིས་རེ་བས་ཁེངས་ནས་དེ་སྐད་ཟེར།

ཁོ་ན་རེད།  ཉེ་བའི་ལོ་རིང་ལ།  རང་ཞིང་གི་སྤྱི་ཚོགས་ཚན་རིག་གླིང་གིས་ཁྱད་ཆོས་ལྡན་པའི་རིག་ཚན་ལ་གཞི་བཙུགས་ཤིང་། ཚད་གཞི་ལ་སྟངས་འཛིན་ཡང་དག་བྱས་ཏེ།  ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་རིག་མཛོད་གསར་ཤོས་ལ་ཞབས་ཞུ་སྤུས་ལེགས་འདོན་པར་ནུས་ཤུགས་ལྷོད་མེད་བཏོན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཅན་འགྱུར་གྱི་རིག་མཛོད་རྩེ་གྲའི་མ་ལག་བཙུགས་པ་དང་།  མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཅན་འགྱུར་གྱི་རིག་མཛོད་རྩེ་གྲ་རབ་དང་རིམ་པ་བསྐྲུན་ནས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས།   སེམས་ཤུགས་གཅིག་ཏུ་བསྡུས་ཏེ་ཚན་ཞིབ་ཀྱི་སེམས་ཤུགས་བསྐྱེད་དེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་དཔུང་སྡེ་སྐྱེད་སྲིང་བྱས།

“རང་ཉིད་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་སློབ་སྦྱོང་ནན་ཏན་བྱས་ནས་གོ་བ་ཟབ་མོ་བླངས་ཏེ།  སྙན་ཞུའི་ཁྲོད་ཀྱི་ནང་དོན་གཙོ་བོ་ལེགས་སྒྲིག་དང་།  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ད་ལོར་སྐུལ་འདེད་གཏང་བྱའི་ལས་གཞི་དང་འཆར་ཇུས་གཙོ་བོ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཐོག   སྤྱི་ཚོགས་ཚན་རིག་གླིང་གི་ངོས་ཐད་དང་ལས་ཀའི་འགན་འཁྲིར་གཞིགས་ཏེ།   ཞིང་གྲོང་དར་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོབ།  སྤུས་ལེགས་འཕེལ་རྒྱས་ལ་སོགས་ཕྱོགས་ཀྱི་ལས་གཞི་གཙོ་བོ་བདམས་གསེས་བྱས་ནས་ཞིབ་འཇུག་ཟབ་མོ་བྱ་རྒྱུ་དང་།  སྔོན་ཐོན་རང་བཞིན་དང་སྤུས་ལེགས་པའི་རིག་མཛོད་ཀྱི་ཡིག་ཆ་བྲིས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་མཛོད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཞེས་བརྗོད།
 

ཞིང་ཆེན་སྲིད་གྲོས་ཨུ་ཡོན་ཅཱ་དབྱིན་གྱིས“ཚོགས་པའི་རྣམ་པའི”སྨན་བཅོས་རོགས་སྐྱོར་ལ་དོ་སྣང་བྱ་དགོས་པའི་སྐོར་གྱི་བསམ་འཆར། 

ཐེངས་འདིའི་ཚོགས་འདུར་ཞུགས་པ་ནི་ཐེངས་དང་པོ་མིན་ན་ཡང་།  འབྱོར་ཐོ་བཀོད་དེ་ཨུ་ཡོན་གྱི་དཔང་ཡིག་བླངས་རྗེས། ཞིང་ཆེན་སྲིད་གྲོས་ཨུ་ཡོན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཕྱོགས་བསྡུས་ཞབས་ཞུ་སྤྱི་ཁྱབ་སྨན་ཁང་གི་མགོ་གཙོ་ཅཱ་དབྱིན་ལ་སྔར་བཞིན་སྤྲོ་སེམས་ཀྱིས་ཁེངས།

ཅཱ་དབྱིན་གྱིས་འདི་སྐད།  སྨན་བཅོས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་མོས་ད་ཐེངས་འཁྱེར་ཡོང་བའི་གྲོས་གཞི་ནི་སྨན་བཅོས་འཕྲོད་བསྟེན་ཕྱོགས་ཀྱི་གྲོས་གཞི་ཡིན།  དཔེར་ན“ཚོགས་པ་རྣམ་པའི”སྨན་བཅོས་རོགས་སྐྱོབ་ཕྱོགས་ཡིན་ན།  ཞིང་ཆེན་ཕྱི་ནང་གི་སྨན་བཅོས་ལས་དོན་པ་ཕུལ་བྱུང་ཅན་མང་པོ་གཞི་རིམ་གྱི་སྨན་ཁང་དུ་ཡོང་ནས་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་ཇེ་མཐོར་གཏང་རོགས་ལ་རེ་བ་བརྒྱབ་ཡོད་པ་ལྟ་བུ།   དེ་དང་ཆབས་ཅིག ང་ཚོར་མཚོན་ན་ཡང་སྨན་ཁང་གི་དོ་དམ་ཕྱོགས་ལ་མཁས་པའི་འཇོན་མི་ཅུང་ཉུང་བས་དེའི་ཕྱོགས་ཀྱི་ཆེད་མཁས་པ་ཡོང་ནས་ང་ཚོར་སློབ་སྟོན་དང་རམ་འདེགས་བྱ་རྒྱུ་རེ་བ་བཅངས་ཡོད་པ་ལྟ་བུ།  དེ་བཞིན་དུ“མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར”ལྟ་བུར་མཚོན་ན་ཡང་སྨན་བཅོས་དཔུང་སྡེ་ཡི་ལས་ཀའི་ཁོར་ཡུག་གི་ཕྱོགས་ལེགས་སྒྱུར་བྱས་ཏེ།   ན་གཞོན་སྨན་བཅོས་ལས་དོན་པ་ཕུལ་བྱུང་ཅན་མང་པོས་ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུ་ནུས་པ་ཆེར་བསྐྱེད་ལ་སྐུལ་ཁྲིད་ཐུབ་པའི་རེ་བ་བརྒྱབ་ཡོད་པ་ལྟ་བུ་ཡིན་ཟེར།

“རང་ཉིད་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནན་ཏན་གྱིས་ཉན་རྒྱུ་མ་ཟད། ཚོགས་ར་ཁག་བགོས་ཀྱི་གྲོས་སྡུར་ལ་ཞུགས་ནས་ཨུ་ཡོན་རྣམས་ཀྱི་བསམ་འཆར་དང་བསམ་ཚུལ་ལ་ཉན་ནས་གྲོས་འདོན་ཆ་ཚང་བ་ཞིག་ཡོང་བ་བྱ་རྒྱུ”ཟེར། 

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རིན་ཁྲེང་དབྱི་ཡིས་ཞིང་གྲོང་ཡུལ་སྐོར་ལ་བརྟེན་ནས་ཞིང་གྲོང་དར་སྤེལ་ལ་ཤུགས་འདོན་དགོས་པའི་སྐོར་གྱི་བསམ་འཆར།  

“ང་རང་གཞི་རིམ་ནས་ཡོང་བའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན།  ངས་ཞིང་གྲོང་དར་སྤེལ་དང་། ཞིང་གྲོང་གི་ཐོན་ལས་གོང་སྤེལ།  ཞིང་གྲོང་གི་མཉམ་ལས་ཁང་གཉེར་སྐྱོང་བྱེད་མཁན་སྐྱེད་སྲིང་།  སྡེ་བ་ཐུན་མོང་གི་དཔལ་འབྱོར་བགོ་བཤའ་སོགས་གནད་དོན་ལ་དོ་སྣང་ཆེན་པོ་བྱས་པ་ཡིན་ཞེས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི།  ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ཡུའུ་ཙུའེ་ཝན་སྐྱེ་ཁམས་རིག་གནས་ལྗོངས་ཁུལ་ལས་འཛིན་ལྷན་ཚོགས་ཀྱི་ཏུང་ཧྲི་ཀྲང་རིན་ཁྲེང་དབྱི་ཡིས་དེ་སྐད་བརྗོད།

ཁོས་འདི་སྐད། ན་ནིང་། ཡུའུ་ཙུའེ་ཝན་ལྗོངས་ཁུལ་དུ་རིན་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཡུལ་སྐོར་བ་ལོ་སྔོན་མ་དང་བསྡུར་ན20%འཕར་བ་དང་། ཡོང་འབབ3%ལ་ཉེ་བ་འཕར།   ལོ་ཧྲིལ་བོར་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་ཁྲི30.2ལ་སྣེ་ལེན་བྱས།   ཡང་ཡང་ལྟ་སྐོར་དུ་ཡོང་བ་ཇེ་མང་དུ་ཕྱིན་ནས“ཡོང་འདོད་ཚེ་གང་འདོད་དུ་ཡོང་ལ། ཡང་ཡང་ཡོང་འདོད་པའི”ཞིང་གྲོང་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ལྗོངས་ཁུལ་གྱི་མཚན་སྙན་དང་། མྱོང་རོལ།  བློ་ཚིམ་ཚད།  བསྟོད་བསྔགས་བྱེད་ཚད་བཅས་ཇེ་ཆེར་ཇེ་མང་དུ་ཕྱིན་པ་དང་། ལོ་ཧྲིལ་བོར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི1000ལ་ཉེ་བར་བསླེབས་ནས་ཞིང་གྲོང་ཡུལ་སྐོར་གྱི་དགེ་མཚན་བཏོན་ནས་ཞིང་གྲོང་དར་སྤེལ་ལ་རམ་འདེགས་བྱས་ཟེར། 

“དགུན་དུས་ཡུལ་སྐོར་ཕྱོགས་ནས་ང་ཚོས་མཚན་ལྗོངས་ཀྱི་གསོལ་སྟོན་བཤམས་པ་དང་ཆབས་ཅིག   ལོ་སར་གྱི་དམངས་སྲོལ་རིག་གནས་བསྲེས་ཏེ།   མཆོད་ཟླའི་དུས་ཆེན་ནས་བཟུང་གི་ཉིན་འགའ་ཤས་ནང་ཡུལ་སྐོར་མི་ཐེངས8000སྣེ་ལེན་བྱས”ཟེར།  རིན་ཁྲེང་དབྱི་ཡིས་འདི་སྐད།  ལྗོངས་ཁུལ་གྱིས་སྤུས་ལེགས་དམངས་ཤག་འཛུགས་སྐྲུན་སོགས་བསྐྲུན་ཏེ། ལས་གཞིའི་དཔེ་སྟོན་དང་སྣེ་ཁྲིད་ནུས་པ་བཏོན་པ་དང་།   སྡེ་མིའི་མ་རྐང་ལ་ཁེ་སྤོགས་མང་པོ་བསྐྲུན་ནས་ཞིང་པ་སྔར་ལས་མང་པོ་ཕྱུག་འགྱུར་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད་ཟེར། 
 

 

རྩོམ་སྒྲིག་པ། ཁོན་ཐར་འཚོ།