ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གྲོལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གྲོལ་ཞིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལི་མིང་དང་། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལུའི་ཀང་བཅས་དང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་བཅས་ཁྱོན་སྡོམ་མི57ཚོགས་འདུར་ཞུགས་པ་དང་། ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ལི་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་འདུའི་སྟེངམཚོ་སྔོན་ཞིང་ཆེན་གྱིས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཚད་བརྒལ་ཤོང་ཚད་ལས་བརྒལ་བའི་རིགས་བཅོས་སྐྱོང་བྱེད་པའི་སྲོལ་ཡིགདང་། མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》《གྲོས་ཆོད་ཁག་ཅིག་མེད་པ་བཟོ་འི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིམཚོ་སྔོན་ཞིང་ཆེན་གྱི་དངུལ་ཆད་གཅོད་པ་དང་རྒྱུ་ནོར་གཞུང་བཞེས་གཏོང་བའི་དོ་དམ་སྲོལ་ཡིགསོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ3བཟོ་བཅོས་རྒྱག་འི་སྐོར་གྱི་གཏན་འབེབས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིམཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལས་ཁུངས་གསར་འཛུགས་དང་སྒྲིག་ཁོངས་དོ་དམ་སྲོལ་ཡིགསོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག2མེད་པ་བཟོ་བའི་སྐོར་གྱི་ཆོད་དོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིམཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་སྒྲུབ་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོ་བཅོས་རྒྱག་འི་སྐོར་གྱི་གཏན་འབེབས་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིསམཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་འཁྲི་ལག་བསྟར་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལ་བཟོ་བཅོས་རྒྱག་འི་སྐོར་གྱི་གཏན་འབེབས། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམངས་ཚིས་དོན་དངོས་རྣམ་གྲངས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འདེམས་ཤོག་ཐག་གཅོད་ལམ་ལུགས་ལག་བསྟར་བྱ་འི་སྐོར་གྱི་གཏན་འབེབས།》 མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིཟི་ལིང་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིགལ་ཆོག་མཆན་སྤྲོད་འི་སྐོར་གྱི་གྲོས་ཆོད་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག(བཟོ་བཅོས)》ལ་ཆོག་མཆན་སྤྲོད་འི་སྐོར་གྱི་གྲོས་ཆོད མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་སྤྲད་ནས་གྲོས་ཞིབ་བྱེད་པའིམཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག(འཆར་ཟིན)》སྐོར་གྱི་ཆོད་ཡིག་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།    

ཚོགས་འདུའི་སྟེང་འབྲེལ་ཡོད་མི་དོན་དོན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་འདུའི་སྟེང་གསར་དུ་བསྐོ་གཞག་བྱས་པའི་འབྲེལ་ཡོད་བློ་མཐུན་ལ་བསྐོ་གཞག་ཡི་གེ་སྤྲད། 

ཚོགས་འདུའི་སྟེང་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། 

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་བ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བ་སོགས་ཚོགས་འདུར་ཟུར་ཞུགས་བྱས།  

ཚོགས་འདུའི་རྗེས་སུ་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིགགསལ་འགྲེལ་བྱས་པ་རེད། 

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།