མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་ལག་རྩལ་དང་རྩལ་ནུས་འཇོན་མི་གསོ་སྐྱོང་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི》བཟོས་ནས་པར་འགྲེམས་བྱས་ཏེ། གསོ་སྦྱོང་དང་། གདེང་འཇོག སྐུལ་ལྕག་བཅས་གཞི་གཅིག་ཅན་གྱི་གཞི་གྲངས་ལག་རྩལ་བཟོ་བཀོད་པ་གསོ་སྐྱོང་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གཞི་གྲངས་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་སྐུལ་འདེད་ལ་འཇོན་མིས་འདེགས་སྐྱོར་བྱས་ཡོད། སྔོན་དཔག་བྱས་ན2025ལོའི་ལོ་མཇུག་ཏུ་སླེབས་སྐབས་ཚན་རིག་གི་བྱང་ཚད་མཐོ་བ་དང་། ལག་ལེན་དངོས་ལ་མཁས་པ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་ཐུབ་པ་བཅས་ཀྱི་གཞི་གྲངས་ཀྱི་ལག་རྩལ་འཇོན་མི1200ཙམ་སྐྱེད་སྲིང་བྱ་རྒྱུ་རེད།
གསོ་སྐྱོང་བྱ་ཡུལ་གྱི་ཕྱོགས་ནས།
རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་དང་མཐུན་པའི་ལག་རྩལ་དང་རྩལ་ནུས་འཇོན་མིའམ་ཡང་ན་གཞི་གྲངས་ལག་རྩལ་ཁྱབ་ཁོངས་སུ་ལས་ཀ་བྱེད་རྩིས་ཡོད་པའི་ལས་ཞུགས་མི་སྣ་སྣ་ཚོགས(ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་དང་རང་མོས་ལས་རིགས་པ་ཚུད་པ)དང་། མཐར་ཕྱིན་པའི་ལོ་དེའི་སློབ་མ་དང་ཡང་ན་མཐར་ཕྱིན་རྗེས་ལོ2ནང་དུ་ལས་ཞུགས་མ་ཐུབ་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བཅས་གསོ་སྐྱོང་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།
གསོ་སྐྱོང་བྱེད་སྟངས་ཕྱོགས་ནས།
རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞིར་གཞིགས་ནས“དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ”དང“རིགས་པའི་གཞུང་ལུགས་དང་དངོས་སྦྱོང་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་དེ་རིགས་ཁག་དབྱེ་བ་དང་། ལས་རིགས་དབྱེ་བ། ཁ་ཕྱོགས་དབྱེ་བ། རིམ་པ་དབྱེ་བ་བཅས་ཀྱི་ཐོག་ནས་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱེད་དགོས། “ཆུ་ཚད་མཐོ་བ་དང་། གཞི་ཁྱོན་ཆུང་བ། ཁྱད་ཆོས་ལ་མཐོང་ཆེན”བཅས་ཀྱི་རྩ་དོན་ལྟར་དགོས་མཁོ་གཞིར་བཟུང་གཞི་གྲངས་ཀྱི་ལག་རྩལ་དང་རྩལ་ནུས་འཇོན་མི་གནད་འཁེལ་གསོ་སྐྱོང་བྱས་ནས། སྔར་ལས་མང་པའི་འཇོན་མི་འགུག་ནས་གཞི་གྲངས་ཀྱི་ལག་རྩལ་སློབ་སྦྱོང་དང་གཞི་གྲངས་ཀྱི་ལས་རིགས་གཉེར་དགོས།
ཡར་སྐུལ་འགན་སྲུང་གི་ཕྱོགས་ནས།
གཞི་གྲངས་ལག་རྩལ་དང་རྩལ་ནུས་འཇོན་མི་གསོ་སྐྱོང་རྣམ་གྲངས་དེ་ཞིང་ཆེན་ནང་ཁུལ་གྱི་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད“དཀར་ཆག་གཉིས་དང་མ་ལག་གཅིག”གི་གཅིག་གྱུར་དོ་དམ་ནང་འཇུག་རྒྱུ་རེད། གཏན་འབེབས་དུས་ཚོད་དང་ནང་དོན་ལེགས་པོར་བསྒྲུབ་ནས་གསོ་སྦྱོང་ཚད་མཐུན་ལག་ཁྱེར་དང་དེ་མཚུངས་ཀྱི་ཆེད་ལས་ལག་རྩལ་རིམ་པའི་ལག་ཁྱེར་བླངས་པའི་མི་སྣར་འབྲེལ་ཡོད་གཏན་འབེབས་ལྟར། འབྲེལ་ཡོད་ལས་རིགས་གསོ་སྦྱོང་གི་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་། དུས་མཚུངས་སུ་ད་དུང་རྒྱུན་མཐུད་སློབ་གསོའི་སློབ་དུས་གཏན་འཁེལ་དང་ལས་བྲལ་སློབ་སྦྱོང་བྱེད་རིང་ལས་གནས་དང་གཅིག་མཚུངས་ཀྱི་གླ་ཕོགས་ཕན་བདེ་སོགས་ཀྱི་ཐོབ་ཐང་དང་། དེ་བཞིན་ལས་གནས་གདན་ཞུས་ལས་བསྐོས། གོ་གནས་ཀྱི་འགན་རིམ་སྤོར་བ། ཕུལ་བྱུང་དཔྱད་འདེམས་བྱ་དགའ། ཚན་ཞིབ་རྣམ་གྲངས་སོགས་ཐད་ཀྱི་ལེགས་ཆའི་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག
ལས་རིགས་འཕེལ་རྒྱས་ཕྱོགས་ནས།
ཆེད་ལས་ལག་རྩལ་གྱི་རིམ་པ་དང་གོ་མིང་འབྲེལ་མཐུད་གཏན་འཁེལ་བྱས་ནས་གདེང་འཇོག་བྱས་པ་བརྒྱུད་དམའ་རིམ་དང་འབྲིང་རིམ་ཆེད་ལས་ལག་རྩལ་གྱི་རིམ་པའི་ལག་ཁྱེར་ཐོབ་རིགས་ལ། དེ་མཚུངས་ཀྱི་རིམ་པ་དང་རིམ་པའི་གོ་མིང་གཏན་འཁེལ་བྱ་རྒྱུ་དང་། མཐོ་རིམ་ཆེད་ལས་ལག་རྩལ་གྱི་རིམ་པའི་ལག་ཁྱེར་ཐོབ་རིགས་མཐོ་རིམ་བཟོ་སྐྲུན་དགེ་རྒན་ལ་དཔྱད་ཞིབ་བྱ་རྒྱུའི་ཡིག་ཐོག་སྙན་སེང་ཞུ་བའི་དཔྱད་གཞི་གལ་ཆེན་གྱི་གཞི་འཛིན་ས་བྱ་རྒྱུ།
སྟེགས་བུ་འཛུགས་སྐྲུན་གྱི་ཕྱོགས་ནས།
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་རྒྱལ་ཁབ་རིམ་པའི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་བཅས་སུ་གཞི་གྲངས་གཞི་ཆེ་མོ་དང་། ཁུལ་ཁོངས་འབྲེལ་ཐག མིས་བཟོས་རིག་ནུས་ཀྱི་ཆེད་ལས་དང་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་རིམ་པ་མི་འདྲ་བའི་གཞི་གྲངས་ཀྱི་ལག་རྩལ་གསོ་སྦྱོང་སྒྲིག་གཞི3བཙུགས་ནས“མཚོ་སྔོན་རྟགས་ཅན་གྱི་གཞི་གྲངས་ཀྱི་འཇོན་མི་གསོ་སྐྱོང་ལས་སྟེགས་ཧུར་ཐག་བཏོད་ཡོད།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།