ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་སྐོར་བཞི་པའི་གྱོད་དོན27མཚོ་སྔོན་ཞིང་ཆེན་ལ་སྤྲད་དེ་བསྒྲུབ་ཏུ་བཅུག་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ11པའི་ཚེས26ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་སྐོར་བཞི་པའི་གྱོད་དོན27(ཁ་པར་གྱི་ལམ་ནས་ཞུ་གཏུག་བྱས་པ24དང་། འཕྲིན་ཡིག་གི་ལམ་ནས་ཞུ་གཏུག་བྱས་པ3)མཚོ་སྔོན་ཞིང་ཆེན་ལ་སྤྲད་དེ་བསྒྲུབ་ཏུ་བཅུག  དེ་དག་ནི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ5དང་འབྲེལ་ཡོད་ཅིང་། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་གྱོད་དོན17དང་། མཚོ་ཤར་གྲོང་ཁྱེར་གྱི་གྱོད་དོན6། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྱོད་དོན2། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གྱོད་དོན1། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྱོད་དོན1བཅས་འདུས། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་དེ་དག་གི་ནང་དུ་འཛེར་སྒྲའི་སྦགས་བཙོག་དང་འབྲེལ་བའི་གྱོད་དོན7དང་། སྐྱེ་ཁམས་གཏོར་བརླག་དང་འབྲེལ་བའི་གྱོད་དོན2། རླུང་ཁམས་ཆེན་མོའི་སྦགས་བཙོག་དང་འབྲེལ་བའི་གྱོད་དོན6། ཆུའི་སྦགས་བཙོག་དང་འབྲེལ་བའི་གྱོད་དོན3། ས་གཤིས་སྦགས་བཙོག་དང་འབྲེལ་བའི་གྱོད་དོན4། སྦགས་བཙོག་གཞན་པ་དང་འབྲེལ་བའི་གྱོད་དོན5བཅས་ཡོད། མིག་སྔར་བར་དུ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་གྱོད་དོན་དག་སོ་སོར་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་ཡོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།