དྲོད་རླངས་སྒྱུར་བཀོད་ཀྱི་བཟོ་སྐྲུན་ནི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མཁའ་རླུང་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དག་གཙང་དྲོད་འདོན་དང་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་དམངས་ཕན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཀྱང་རེད། ད་ལོ་ནས་བཟུང་། འབའ་རྫོང་གིས་རྫོང་ཡོངས་ཀྱི་དགུན་དུས་སུ་དག་གཙང་དྲོད་འདོན་ལས་གཞིའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། སྔོན་ལ་ཚོད་ལྟ་དང་ཉམས་མྱོང་ཕྱོགས་བསྡོམས། བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་བའི་བསམ་ཕྱོགས་ལ་བརྩི་སྲུང་བྱེད་པ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་རྡོ་སོལ་གྱི་དྲོད་འདོན་ནས་གློག་གི་དྲོད་འདོན་དུ་སྒྱུར་བའི་ལས་གཞི་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཏེ་དམངས་སེམས་སྔར་ལས་དྲོད་ཀྱིས་ཁེངས་སུ་བཅུག
ཉིན་འདི་དག་གི་རིང་ལ་དྲོད་ཚད་རིམ་བཞིན་མར་ཆག་ནའང་། འབྲོག་དམངས་གཞིས་ཁྱིམ་ཁ་བ་རུ་སྡོད་པའི་སྡོད་དམངས་གནམ་བརྩེ་ཚང་ལ་མཚོན་ན། ད་ལོའི་དགུན་དུས་དྲོད་འདོན་ཐད་ལ་སེམས་ཁྲལ་བྱེད་མི་དགོས་པ་མ་ཟད། དག་གཙང་དྲོད་འདོན་སྒྱུར་བཀོད་བྱས་རྗེས། ཁོ་ཚང་གི་ཁྱིམ་གྱི་དྲོད་ཚད་ཏུའུ26གི་ཡན་ལ་སླེབས་ཡོད་པ་རེད།
རྡོ་སོལ་གྱི་དྲོད་འདོན་ནས་གློག་གི་དྲོད་འདོན་དུ་སྒྱུར་བའི་དག་གཙང་དྲོད་འདོན་སྒྱུར་བཀོད་ལས་གཞི་ལག་བསྟར་བྱས་པ་འདིས། སྡོད་དམངས་ཀྱི་དྲོད་འདོན་བྱེད་ཐབས་ལ་འགྱུར་ལྡོག་བཏང་བ་དང་། ས་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཡོད་ཅིང་། སྡོད་དམངས་རྣམས་ཀྱི་དགུན་དུས་དྲོད་འདོན་ཐད་ཀྱི་འགྲོ་སོང་ལའང་གྲོན་ཆུང་ཐུབ་ཡོད་པ་མ་ཟད། ཐུན་ཏེ་རྫོང་གི་སྡོད་དམངས་རྣམས་ཀྱི་དགུན་དུས་དྲོད་འདོན་ཐད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
སྔོན་ཆད་འབའ་རྫོང་ལ་དགུན་དུས་ཀྱི་དྲོད་འདོན་ཐད་དྲོད་ཚད་མི་སྙོམས་པའི་གནད་དོན་ཡོད་པ་མ་ཟད། ད་དུང་རྡོ་སོལ་ལ་བརྟེན་ནས་དྲོད་འདོན་བྱེད་སྟངས་འདིས་ཁོར་ཡུག་སྲུང་སྐྱོབ་ཐད་དུ་ཡང་ཤུགས་རྐྱེན་ངེས་ཅན་བཟོས་ཡོད་པ་རེད། དེ་བས་མཁའ་རླུང་གི་སྤུས་ཚད་ཇེ་ལེགས་སུ་གཏོང་ཆེད། ཐུན་ཏེ་རྫོང་གིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ཤིང་། ད་ལོ་ནས་བཟུང་ཐུན་ཏེ་རྫོང་གིས་རྐ་འབའ་སུམ་མདོ་གྲོང་རྡལ་ཀླུ་ཐང་གཞིས་ཁུལ་དཔེ་མཚོན་དང་ཚོད་ལྟའི་ས་ཚིགས་སུ་བརྩིས་ནས། ཚོད་ལྟའི་སྣེ་ཁྲིད་ཀྱི་བྱ་ཐབས་སྟེང་ནས་དག་གཙང་དྲོད་འདོན་ལས་གཞི་ལག་བསྟར་ལ་སྐུལ་འདེད་བཏང་བ་རེད། སྒྱུར་བཀོད་བྱས་རྗེས་ཀྱི་གློག་སྤྱོད་དྲོད་འདོན་སྒྲིག་ཆས་འཁོར་རྒྱུག་ཡག་པོ་བྱུང་ནས་ད་སྐབས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་དྲོད་འདོན་གྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
རྫོང་མཁར་གྱི་སྡེ་གསར་ལམ་གྱི་སྡོད་དམངས་ནོར་བུ་མཚོ་ཚང་དང་དང་བྱང་སྐོར་ལམ་གྱི་དྲོད་འདོན་ས་ཚིགས་བར་གོམ་པ་གཉིས་གསུམ་ལྷག་གི་བར་ཐག་ལས་མེད་པས། སྔོན་ཆད་དགུན་དུས་དྲོད་མཁོ་འདོན་གྱི་མགོ་བརྩམས་པ་ནས་བཟུང་སྒོ་རའི་ག་ས་གང་དུ་རྡོ་སོལ་གྱི་ཐལ་རྡུལ་མང་པོ་བབས་ཡོད་ལ། ད་ལོར་དྲོད་རླངས་སྒྱུར་བཀོད་ལས་གཞི་ལག་བསྟར་བྱས་རྗེས་ཁོ་ཚང་གི་སྒོ་རའི་ནང་གི་གཙང་སྦྲའི་གནས་ཚུལ་ལའང་འགྱུར་ལྡོག་ཆེན་པོ་བྱུང་འདུག
རྒྱུས་ལོན་པ་ལྟར་ན། འབའ་རྫོང་གི་དག་གཙང་དྲོད་རླངས་མཁོ་འདོན་དཔེ་སྟོན་ལས་གཞིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.09བཏང་བའི་ནང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར2.06དང་། ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར1.03བཏང་ཡོད། 2021ལོ་ནས2023ལོ་བར་ཁྱོན་བསྡོམས་སྲང་ལམ་ལྷོ་མའི་དྲོད་རླངས་མཁོ་འདོན་ཁུལ་གྱི་དྲོད་རླངས་མཁོ་འདོན་ཁུལ་སྒྱུར་བཀོད་ལས་གཞི་དང་། རྐ་འབའ་སུམ་མདོ་གྲོང་རྡལ་ཀླུ་ཐང་གཞིས་ཁུལ་གྱི་དག་གཙང་དྲོད་རླངས་མཁོ་འདོན་ལས་གཞི། སློབ་འབྲིང་དང་པོ་དང་གཉིས་པའི་དག་གཙང་དྲོད་རླངས་མཁོ་འདོན་ལས་གཞི། རྫོང་གསར་གྱི་དྲོད་རླངས་མཁོ་འདོན་ས་ཚིགས་བཞི་བའི་དག་གཙང་དྲོད་རླངས་མཁོ་འདོན་འཛུགས་སྐྲུན་ལས་གཞི། ཐུན་ཏེ་རྫོང་དག་གཙང་དྲོད་རླངས་མཁོ་འདོན་དཔེ་སྟོན་ལས་གཞིའི་ཞང་གྲོང་གི་དག་གཙང་དྲོད་རླངས་མཁོ་འདོན་ཁུལ་གྱི་དྲོད་རླངས་མཁོ་འདོན་ལས་གཞི། སྲང་ལམ་ལྷོ་མའི་དྲོད་འདོན་ཁུལ་གྱི་དག་གཙང་དྲོད་འདོན་ལས་གཞི། རྫོང་གསར་གྱི་དྲོད་མཁོ་འདོན་ཁུལ་གྱི་དག་གཙང་དྲོད་རླངས་མཁོ་འདོན་ལས་གཞི་དང་བྱང་སྐོར་ལམ་གྱི་དག་གཙང་དྲོད་རླངས་མཁོ་འདོན་ལས་གཞི་བཅས་བསྡོམས་པས་དག་གཙང་དྲོད་འདོན་ལས་གཞི8སྒྱུར་བཀོད་བྱས་པས་དྲོད་རླངས་མཁོ་འདོན་གྱི་སྤྱིའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་ཟིན་ཡོད་པ་རེད།
དྲོད་རླངས་སྒྱུར་བཀོད་ནི་དྲོ་སྐྱིད་དང་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཡིན་ལ། མཁའ་རླུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། ཕྱོགས་གཅིག་ནས་མང་ཚོགས་ཀྱི་དྲོད་འདོན་ལ་དམིགས་པ་དང་ཕྱོགས་གཅིག་ནས་མཁའ་རླུང་སྲུང་སྐྱོབ་ལ་འབྲེལ་ཡོད། ཐུན་ཏེ་རྫོང་གིས་དྲོད་རླངས་སྒྱུར་བཀོད་ལས་གཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མགྱོགས་མྱུར་ངང་དག་གཙང་ནུས་རྒྱུ་དེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་བེད་སྤྱོད་བྱེད་པ་དང་། ནམ་མཁའ་སྔར་ལས་སྔོ་བ་དང་རི་བོ་སྔར་ལས་མཛེས་པ། ཆུ་བོ་སྔར་ལས་དྭངས་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་ལྷད་མེད་སྟབས་བདེའི་འཚོ་བ་ཞིག་ལོངས་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།