སློབ་གསོ་པུའི་གཞུང་ཕྱོགས་དྲ་བའི་ཐོག ལུས་རྩལ་སློབ་ཚན་དེ་སློབ་ཚན་ཕལ་པ་ནས་གཙོ་བོར་བཟོས་ཏེ་སློབ་ཆུང་གི་ལུས་རྩལ་བསླབ་གཞི་རིན་མེད་ངང་སྤྲོད་དགོས་པའི་སྐོར་གྱི་གྲོས་གཞིའི་བརྡ་ལན་ཁྱབ་བསྒྲགས་བྱས་པར་གཞིགས་ན། ①རྒྱལ་ཁབ་བསླབ་གཞིས་ཇུས་འགོད་གཏན་འབེབས་བྱས་པའི་བསླབ་ཚན་དག་ལ་གཙོ་ཕལ་གྱི་དབྱེ་བ་མེད་པ། ②སློབ་ཚན་ཁག་ཕན་ཚུན་ཚབ་བྱེད་མི་རུང་། འོན་ཀྱང་ཕན་ཚུན་གཞོགས་འདེགས་ཀྱིས་མཐུན་མོང་ཐོག་མི་སྣ་གསོ་སྐྱོང་བྱེད་དགོས། ③རང་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་བཀོད་སྒྲིག་བྱེད་སྐབས་ལུས་རྩལ་དང་བདེ་ཐང་གི་སློབ་ཚན་ལ་མཐོང་ཆེན་བྱེད་པ་དང་།《འོས་འགན་སློབ་གསོའི་སློབ་ཚན་ཇུས་འགོད་(སྤྱི་ལོ2022ལོའི་པར་གཞི)》ནང་། ལོ་དགུའི་སྤྱིའི་སློབ་ཡུན་གྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆ་10ནས་11བཟུང་དགོས་པའི་གཏན་འབེབས་བྱས་པ། ④སློབ་ཆུང་གི་ལུས་རྩལ་དང་བདེ་ཐང་བསླབ་གཞི་དེ་རྒྱལ་ཁབ་ཀྱི་སློབ་ཚན་བསླབ་གཞི་ཡིན་པའི་ཆ་ནས་ཀྲུང་དབྱང་གིས་གྲོན་དངུལ་ཧྲིལ་པོ་འགན་ལེན་བྱས་པའི་རིན་མེད་སློབ་དེབ་ཡིན་ཞེས་བསྟན་ཡོད་པ་རེད།
སློབ་གསོ་པུས་རྒྱལ་ཁབ་བསླབ་གཞི་ཇུས་འགོད་ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་ལ་གཙོ་ཕལ་གྱི་དབྱེ་བ་མེད། སློབ་ཚན་སོ་སོར་སློབ་གསོ་མི་སྐྱོང་གི་དམིགས་གསལ་རིན་ཐང་ལྡན་པས་ཕན་ཚུན་ཚབ་བྱེད་མི་རུང་ལ། དེ་དང་ཆབ་ཅིག་སློབ་ཚན་དབར་ཕན་ཚུན་གཞོགས་འདེགས་ཀྱིས་མཐུན་མོང་ཐོག་མི་སྣ་གསོ་སྐྱོང་བྱས་ནས་གསོ་སྐྱོང་གི་དམིགས་འབེན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། ལུས་རྩལ་དང་བདེ་ཐང་སློབ་ཚན་ནི་རྨང་གཞིའི་སློབ་ཚན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།《འོས་འགན་སློབ་གསོའི་སློབ་ཚན་ཇུས་འགོད་(སྤྱི་ལོ་2022ལོའི་པར་གཞི)》ནང་། ལོ་དགུའི་སྤྱིའི་སློབ་ཡུན་ནང་ལུས་རྩལ་དང་བདེ་ཐང་སློབ་ཚན་གྱིས་བསྡུར་ཚད་བརྒྱ་ཆ་10ནས་11བཟུང་དགོས་པའི་གཏན་འབེབས་བྱས་ཡོད་པ་དེ། ཨ་རི་དང་ཨོ་སུ་ཁྲུ་ལི་ཡ། འཇར་མན། ཨུ་རུ་སུ། ལྷོ་ཁོ་རེ་ཡ། ལྗར་ཕན། ཧྥིན་ལན། དབྱིན་ཇི། ཁ་ན་ཊ་སོགས་རྒྱལ་ཁབ་ལས་མཐོ་བ་ཡོད་པས་རང་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་བཀོད་སྒྲིག་བྱེད་སྐབས་ལུས་རྩལ་དང་བདེ་ཐང་སློབ་ཚན་ལ་མཐོང་ཆེན་བྱེད་པ་མཚོན་གྱི་ཡོད་ཅེས་བསྟན་ཡོད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།