ཞི་ཅིན་ཕིང་ནས་གྲངས་འཛིན་ཉོ་ཚོང་འགྲེམས་ཚོཊ་ལ་ཤིས་འཕྲིན་སྤྲིངས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཟླ་11ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་གཉིས་པའི་འཛམ་གླིང་གྲངས་འཛིན་ཉོ་ཚོང་དངོས་མང་འགྲེམས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་གྲངས་འཛིན་ཉོ་ཚོང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྒྱལ་སྤྱིའི་ཉོ་ཚོང་གི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་འབྲེལ་མཐུད་ཧུར་ཐག་བྱས་ཐོག གྲངས་འཛིན་ཉོ་ཚོང་གི་བཅོས་སྒྲིག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གྲངས་འཛིན་ཉོ་ཚོང་སྒྱུར་བཅོས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ཏེ་འཛམ་གླིང་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་མཁོ་འདོན་བྱེད་བཞིན་ཡོད། ཕྱོགས་ཁག་གིས་འཛམ་གླིང་གྲངས་འཛིན་ཉོ་ཚོང་དངོས་མང་འགྲེམས་ཚོགས་ཀྱི་སྟེགས་བུ་གང་ལེགས་སྤྱད་དེ། ཐུན་མོང་ཐོག་མཉམ་ལས་ཐད་གྲོས་བསྡུར་དང་། ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད། ཐུན་མོང་ཐོག་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ནས། གྲངས་འཛིན་ཉོ་ཚོང་དེ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་སྒུལ་བྱེད་གསར་པ་ཞིག་ཏུ་བཏོད་དེ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་སྒུལ་ནུས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

སྐབས་གཉིས་པའི་འཛམ་གླིང་གྲངས་འཛིན་ཉོ་ཚོང་དངོས་མང་འགྲེམས་ཚོགས་དེ་ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“གྲངས་འཛིན་ཉོ་ཚོང་། ཚོང་འབྲེལ་འཛམ་གླིང”ཞེས་པ་དེ་ཡིན་ཞིང་། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཚོང་དོན་པུས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། 

 

རྩོམ་སྒྲིག་པ། ཁོན་ཐར་འཚོ།