མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ《ཡུལ་ཤུལ་ཆུ་གསུམ་འགོ་ཁུངས་ཀྱི་ལོ་རྒྱུས》ཞེས་དཔེ་དེབ་པར་སྐྲུན་འགྲེམས་སྤེལ་དང་སྐྱེས་འབུལ་མཛད་སྒོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་བསྡུས།
ཤེས་གསལ་ལྟར་ན། 《ཡུལ་ཤུལ་ཆུ་གསུམ་འགོ་ཁུངས་ཀྱི་ལོ་རྒྱུས》ཞེས་པའི་དེབ་དེ་ནི་2018ལོའི་ལོ་མཇུག་ལ་དག་སྒྲིག་གི་མགོ་བརྩམས་ཤིང་། 2021ལོར་ཀྲུང་གོའི་ཆུ་བོ་གྲགས་ཅན་གྱི་ལོ་རྒྱུས་རིག་གནས་ལས་གཞི་ཁྲོད་བདམས། དེབ་ཆ་ཚང་ལ་ཡིག་འབྲུ་ཁྲི28.4ཡོད་དེ། སྤྱི་བཤད་དང་། དོན་ཆེན་ཟིན་ཐོ། ས་ཁོངས་ཀྱི་རང་བྱུང་ཁོར་ཡུག་སོགས་ལེའུ13གྱིས་གྲུབ། གཙོ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འགོ་ཁོངས་སོ་སོ་དང་ཆུའི་ཐོན་ཁུངས་ཀྱི་ཁྱད་ཆོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་རྒྱུས་དང་རིག་གནས། མི་ཆོས་རིག་གནས་སོགས་བཀོད་ཡོད། དེ་ལས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་བེད་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཆུའི་རིག་གནས་ཀྱི“མཚན”དང“ཁྱད་ཆོས”གཟེངས་སུ་བཏོད་དེ་ལོ་རྒྱུས་ཀྱི་ཆ་རྒྱུ་དང་གཞི་གྲངས་ཞིབ་རྒྱས་འཁོད་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་རྒྱུས་དང་མི་ཆོས་རིག་གནས། ལོ་རྒྱུས། སྐྱེ་ཁམས་སོགས་ཆ་ཡོངས་ནས་མཚམས་སྦྱོར་གནང་ཡོད་པས། ཀློག་པ་པོ་རྣམས་ལ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིན་ཐང་མངོ་ཡོད།
ཆུ་བོ་གྲགས་ཅན་གྱི་ལོ་རྒྱུས་རིག་གནས་སྐོར་གྱི་ལས་གཞི་ནི་རྒྱལ་ཁབ་རིམ་པ་ནས་བཀོད་སྒྲིག་སྐུལ་འདེད་བཏང་བའི་ཆུའི་རིག་གནས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྣ་མང་དར་སྤེལ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རྒྱུད་འཛིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་ལ་མཉམ་གཅིག་ཏུ་སྲུང་སྐྱོབ་བྱེད་པར་ཆབ་སྲིད་དང་། རིག་གནས། དངོས་ཡོད་བཅས་ཆ་ལ་དོན་སྙིང་གལ་ཆེན་ལྡན།