མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། གསར་འགོད་པས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་བཅོས་སྒྱུར་འཕེལནས་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་སྒོར་དུང་ཕྱུར4.12ལྷག་བརྩོན་ལེན་བྱས་ཏེ། ། གྲོང་གསེབ་དང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་དང་། ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་སྲུང་སྐྱོང་བྱས་ནས་གོང་ནས་གོང་དུ་སྤེལ་དང་། “བདེ་ཐང་ངང་ཇ་འཐུང་བ”དང“ཁྱིམ་ཚང་དུ་ཇ་སྐྱེལ་བ”སོགས་ཀྱི་རྣམ་གྲངས265སྤེལ་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་བཏང་།
ད་ལོ་ནས་བཟུང་མ་དངུལ་སྒོར་དུང་ཕྱུར2.68ལྷག་བཀོད་སྒྲིག་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་དང་གསོ་ཚགས་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་རྣམ་གྲངས150ལག་བསྟར་བྱས་པ་དང་། སྒོར་དུང་ཕྱུར1.26ལྷག་བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་འགྲོ་ལམ་དང་། ཟམ་པ་ཆུང་གྲས། ཆུ་བེད་ཆུ་འདྲེན་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས74ལག་བསྟར་བྱས། སྒོར་དུང་ཕྱུར0.18ལྷག་བཀོད་སྒྲིག་བྱས་ནས“བདེ་ཐང་ངང་ཇ་འཐུང་བའི”རྣམ་གྲངས41ལག་བསྟར་བྱས། ཟླ9པའི་ཟླ་མཇུག་བར་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་སྒོར་དུང་ཕྱུར3.3ལྷག་བཏང་ལ་གཏོང་སྒོའི་ཚད80.51%ཟིན་པ་རེད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ། དམངས་ཚིས་བདེ་སྐྱིད་ཆེ་རུ་ཕྱིན་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཐེབས་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། རྗེས་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སླད་ཕྱིན་འགན་འཁྲི་གཙོ་བོ་སྔར་ལས་དོན་འཁྱོལ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་པ་དང་། རྣམ་གྲངས་མ་དངུལ་གྱི་དོ་དམ་ནུས་པའི་ཆུ་ཚད་མཐོ་རུ་གཏོང་བ། རྣམ་གྲངས་མ་དངུལ་གྱི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་འདོན་སྤེལ་ཡག་པོ་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གྱི་སྦྲེལ་མཐུད་ནུས་ལྡན་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།