རུ་འཁྱུར་དམག་མིའི་ལས་གཏོད་གསར་གཏོད་འགྲན་སྡུར་སྐབས་དང་པོ་ཐུན་རིན་དུ་གཉེར་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རུ་འཁྱུར་དམག་མིའི་ལས་གཏོད་གསར་གཏོད་འགྲན་སྡུར་སྐབས་དང་པོ་ཐུན་རིན་གྲོང་ཁྱེར་དུ་གཉེར་བ་དང་ རུ་འཁུར་དམག་མིའི་ཁེ་ལས་གསར་འཛུགས(ཚོགས་པ)6གིས་འགྲན་རྩོད་བྱས་པ་བརྒྱུད། རོང་འབྲོག་ལས་ཀྱི་སྐྱེ་ལྡན་སྐྱེ་ཁམས་རྫས་ལུད་ཚད་ཡོད་ཀུང་སིར་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་ཏིང་ཁྲེན་སྐྱེ་དངོས་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སི་དང་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་གྱི་དབན་ཧྲུན་ལྷད་མེད་ཁྱིམ་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ།  ཁེ་ལས(ཚོགས་པ)གཞན་གསུམ་ལ་ཕུལ་བྱུང་བྱ་དགའ་ཐོབ། 

ཟླ9པའི་ཚེས1ཉིན བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་ ་འཁྱུརདམག་མིའི་གཉེར་བའི་ཁེ་ལས(ཚོགས་པ)10ཡིས་མིང་ཐོ་བཀོད་པ་རེད། ཐོག་མའི་གསོ་སྦྱོང་དང་། ཐོག་མའི་འདེམས་སྒྲུག བསྐྱར་ཞིབ་སོགས་ཀྱི་ལས་རིམ་བརྒྱུད་ཁེ་ལས(ཚོགས་པ)6བདམས་པ་རེད། འགྲན་སྡུར་ནང་ཞུགས་མཁན་ཁེ་ལས་དང་བདམས་ཐོན་པ་རྣམས་རྨ་ལྷོ་ཁུལ་གྱི་ལས་རིགས་ཁྱབ་ཁོངས་མི་འདྲ་བའི་ནང་གི་རུ་འཁྱུརདམག་མིའི་ལས་གཏོད་ང་རྩེ་ཡིན་པ་དང་ འགྲན་སྡུར་ཁྲོད་ཁོ་ཚོས་ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས་དང་མི་སྒེར་གྱི་ལས་གཏོད་ཉམས་འགྱུར་གང་ལེགས་མངོན་པ་རེད། 

ཤེས་གསལ་ལྟར་ན། འགྲན་སྡུར་ནང་ཞིང་ཆེན་དང་ཁུལ་གྱི་རུ་འཁྱུར་དམག་མིའི་ལས་གཏོད་ཁྲིད་སྟོན་དགེ་རྒན་དང་ལས་རིགས་ཀྱི་ཆེད་མཁས་གྲགས་ཅན་དང་མཁས་དབང5བཅས་ཆེད་མཁས་ཞིབ་དཔྱད་ལ་གདན་དྲངས་ཡོད། དེ་དང་ཆབས་ཅིག་ཏུ། ཐེངས་འདིའི་འགྲན་སྡུར་ནང་ད་དུང་མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་གི་ལས་གཏོད་ཁྲིད་སྟོན་དགེ་རྒན་ཆེ་མོ་ལིའུ་གོ་ཏུང་གདན་དྲངས་ནས་རུ་འཁྱུརདམག་མིའི་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་ལས་གཏོད་དབྱེ་ཞིབ་ཚོད་སྐོར་ནས་སློབ་ཁྲིད་བྱས་པ་དང་། གྱོད་གཞིར་གཞིགས་ཏེ་རྨ་ལྷོ་ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་དང་། ཚན་རྩལ་ཅུའུ། ལས་ཞུགས་ཅུའུ་བཅས་ཀྱི་ཆེད་མཁས་པཡུལ་དངོས་སུ་ཁེ་ལས་གཉེར་སྐྱོང་དང་དར་སྤེལ་ཐདསློབ་སྟོན་ཛད། 

ཤེས་གསལ་ལྟར་ན། སླད་ཕྱིན འགྲན་སྡུར་གྱི་བྱ་དགའ་ཐོབ་པའི་རྣམ་གྲངས་དེ་རྨ་ལྷོ་ཁུལ་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་གཏོད་གསར་གཏོད་འགྲན་སྡུར་གྱི་རྣམ་གྲངས་མཛོད་ནང་བཅུག་ནས ཡུན་རིང་རྗེས་སྙེག་བྱས་ཏེ་ཁེ་ལས་ལ་དགེ་རྒན་གྱིས་གསོ་སྦྱོང་དང་། ལས་གཏོད་གསོ་སྦྱོང་། ལས་རིགས་བློ་འདྲི་སོགས་ཀྱི་སྲིད་ཇུས་རོགས་སྐྱོར་བྱས་ནས བྱ་དགའ་ཐོབ་པའི་ཁེ་ལས(ཚོགས་པ)དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི“གཉིས་གཏོད”ཀྱི་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱས་ནས རུ་འཁྱུརདམག་མིའི་ཁེ་ལས(ཚོགས་པ)ཀྱི་སྐད་གྲགས་ཆོད་ཚད་དང་སྤྱི་ཚོགས་ཀྱི་སྣང་བརྙན་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་རེད།  

འགྲན་སྡུར་མཇུག་འགྲིལ་རྗེས འགྲན་སྡུར་ནང་ཞུགས་མཁན་ཁེ་ལས་ཀྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ་ཐུན་རིན་གྲོང་ཁྱེར་ཅིན་ཧོང་གོ་བཏུང་བྱ་ཀུང་སི་དང་། མཚོ་སྔོན་ཏིང་ཁྲེན་སྐྱེ་དངོས་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སི། གཅན་ཚ་རྫོང་ཞིང་ལས་ཚན་རྩལ་གླིང་གསར་པ་བཅས་ལ་ལྟ་སྦྱོང་བྱས་པ་རེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།