ཉེ་ཆར། ཞིང་ཆེན་ཁྲིམས་འཛིན་ཐིང་དང་ཞིང་ཆེན་གཞུང་དཔང་མཐུན་ཚོགས་ཀྱིས《“ཆེས་མང་ན་ཐེངས་གཅིག་བསྐྱོད”པའི་གཞུང་དཔང་དོན་དག་གི་གསལ་ཐོ》དང་། 《མཚོ་སྔོན་ཞིང་ཆེན་གྱི་གཞུང་དཔང་ར་སྤྲོད་ཡི་གེའི་རྒྱུ་ཆའི་གསལ་ཐོ》དང《གསལ་ཐོ》གཉིས་བཟོས་ནས། “ཆེས་མང་ན་ཐེངས་གཅིག་བསྐྱོད”པའི་གཞུང་དཔང་དོན་དག་དང་གཞུང་དཔང་ར་སྤྲོད་ཡི་གེའི་རྩིས་ཁྲའི་དོ་དམ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། མི་དམངས་མང་ཚོགས་ལ་གཞུང་དཔང་ཁྱབ་ཁོངས་སུ“དབང་ཆ་གཤམ་སྤྲོད་དང་། དོ་དམ་ཞི་ལྷོད། ཞབས་ཞུ་སྤུས་ལེགས”བཅོས་སྒྱུར་བྱས་ནས་ལག་ཁྱེར་ཇེ་ཉུང་དུ་གཏང་བའི་དམངས་ཕན་ཞབས་ཞུ་ཁྲོད་སྐྱིད་སྣང་དང་བདེ་སྣང་མང་པོ་ཞིག་ལོངས་སུ་སྤྱད་དུ་བཅུག
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཁྲིམས་འཛིན་ཐིང་དང་ཞིང་ཆེན་གཞུང་དཔང་མཐུན་ཚོགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཞུང་དཔང་གི“དབང་ཆ་གཤམ་སྤྲོད་དང་། དོ་དམ་ཞི་ལྷོད། ཞབས་ཞུ་སྤུས་ལེགས”བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གཞུང་དཔང་ཞབས་ཞུའི་འདུ་ཤེས་གསར་གཏོད་དང་། ཞབས་འདེགས་ཞུ་སྟངས་ལེགས་སྒྱུར། ལག་ཁྱེར་གཉེར་དཀའ་བ་དང་། རྙོག་འཛིང་ཆེ་བ། འགོར་འགྱངས”སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། གསལ་བརྡ་ཐེངས་གཅིག་རྒྱག་པ། ཐོག་མར་འདྲི་རྩད་ཀྱི་འགན་འཁྲིའི་ལམ་ལུགས། ཟློས་མཐོ་གཞུང་དཔང་གི་ར་སྤྲོད་རྒྱུ་ཆའི་གསལ་ཐོ། གསལ་བརྡའི་ཁས་ལེན་ལམ་ལུགས། ཆད་རུང་དང་ལེན་བྱེད་པ་སོགས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཁ་ཆད་དང་། སྒོ་རྩར་སྐྱོད་པ། ཚབ་སྒྲུབ་སོགས་ཕྱིར་མཆེད་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། གཞུང་དཔང་ལས་ཀའི་ས་ཁོངས་ཀྱི་ཚོད་འཛིན་ལྷུག་གཏོང་དང་། གཞུང་དཔང་ཞབས་ཞུའི་ཐོན་ཁུངས་གཞུང་དཔང་བ་མེད་པའི་རྫོང་དུ་ཆ་སྙོམས་ཀྱིས་ཁེབས་པར་སྐུལ་འདེད་བཏང་། “འཕྲལ་མར་སྒྲུབ་པ་དང་། དྲ་ཐོག་ནས་སྒྲུབ་པ། ཉེ་སར་སྒྲུབ་པ། ཐེངས་གཅིག་གིས་སྒྲུབ་པ་”སོགས་ཀྱི་ཞབས་འདེགས་ཞུ་སྟངས་ཁྱབ་སྤེལ་བཏང་། གཞུང་དཔང་ཞབས་ཞུའི་འགག་སྒོ་སྔར་བས་མདུན་དུ་སྤོས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དོ་བདག་ལ་གཞུང་དཔང་བྱེད་དུ་བཅུག་པའི“གཞི་གྲངས་མང་ཙམ་སྒྲུབ་པ་དང་མང་ཚོགས་ལ་འགྲོ་སྐྱོད་ཉུང་བ”དང་གཞུང་དཔང་དང་ཁེ་ལས་ལ་སྟབས་བདེ་སྐྲུན་པའི་བྱེད་ཐབས་གསར་པ་རབ་དང་རིམ་པ་སྤྱད་དེ། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་ནུས་ལྡན་བཏང་བ་དང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་བཏང་ནས། མང་ཚོགས་ཀྱི་གཞུང་དཔང་ལས་དོན་ལ་བཅངས་པའི་རེ་བ་གསར་པ་དང་དགོས་མཁོ་གསར་པ་ཟམ་མི་ཆད་པར་བསྐངས་ཡོད།
《གསལ་ཐོ》དེ་གཉིས་ཀྱིས་མི་དམངས་ལྟེ་བར་བཟུང་བའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། དམངས་ཚིས་ལེགས་གཏོང་འགན་སྲུང་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། ཤེས་བྱའི་བདག་དབང་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། “ཆེས་མང་མཐར་ཐེངས་གཅིག་བསྐྱོད་པའི”གཞུང་དཔང་ལས་དོན་གྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་བ་དང་། གཞུང་དཔང་ར་སྤྲོད་ཀྱི་རྒྱུ་ཆ་ཚད་ལྡན་དང་ཁུ་བསྡུ་བཅས་བྱས་ནས་མང་ཚོགས་ཀྱི་ལག་ཁྱེར་གཉེར་བའི་ཁུར་པོ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཇེ་ཡང་དུ་བཏང་། 《ཆེས་མང་ན་ཐེངས་གཅིག་བསྐྱོད་པའི”གཞུང་དཔང་གི་རྩིས་ཁྲའི》ནང་བཅའ་ཁྲིམས་ཀྱི་འབྲེལ་བ་སྟབས་བདེ་བ་དང་། དོན་དངོས་གསལ་པོ་ཡིན་པ། རྩོད་གཞི་མེད་པ་བཅས་ཀྱི་གཞུང་དཔང་ཞབས་ཞུའི་ཁྱབ་ཁོངས་དེ2019ལོའི65ནས150བར་རྒྱ་བསྐྱེད། དོ་བདག་གི་རེ་ཞུ་དེ་ཁྲིམས་གཏན་འཁེལ་བའི་བདག་སྤྲོད་ཆ་རྐྱེན་དང་མཐུན་པ་དང་། མཁོ་འདོན་བྱས་པའི་དཔྱད་གཞི་རྒྱུ་ཆ་ཆ་ཚང་ཞིང་དོན་དངོས་དང་མཐུན་ཚེ་གཞུང་དཔང་“ཆེས་མང་ན་ཐེངས་གཅིག་བསྐྱོད”ཅེས་པ་མངོན་དུ་འགྱུར་ཐུབ།
《མཚོ་སྔོན་ཞིང་ཆེན་གྱི་གཞུང་དཔང་ར་སྤྲོད་ཡི་གེའི་དཔྱད་ཡིག་གི་གསལ་ཐོ》དེ་ཁྲིམས་འཛིན་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་གཞུང་དཔང་ར་སྤྲོད་ཡི་གེའི་དཔྱད་ཡིག་གི་གསལ་ཐོ་ཁྱབ་བསྒྲགས་བྱས་པའི་རྨང་གཞིའི་ཐོག་གཞུང་དཔང་གི་ར་སྤྲོད་དཔྱད་ཡིག་སྔར་བས་ཚད་ལྡན་དང་ཁུ་བསྡུ་བྱས་ནས་རིགས42ཀྱི་གཞུང་དཔང་རྣམ་གྲངས174ཡི་ལས་དོན་ཁྱོན་ཚད་ལྡན་དུ་བཏང་བ་དང་། དགོས་ངེས་ཀྱི་དཔང་རྟགས་དཔྱད་ཡིག་ཁག723ནས497བར་ཁུ་བསྡུ་བྱས། ར་སྤྲོད་ཡིག་ཆ226དང་ར་སྤྲོད་ཡིག་ཆ31.2%ཇེ་ཉུང་དུ་བཏང་། དེ་དང་ཆབས་ཅིག་བཅའ་ཁྲིམས་ཀྱི་གཏན་འབེབས་གཞན་དག་ཡོད་པ་ཕུད། གཞུང་དཔང་ལས་ཁུངས་ཀྱིས་རང་འགུལ་ངང་ཞིབ་དཔྱད་བསྡུར་བཤེར་བྱེད་པའམ་ཡང་ན་སྲིད་དོན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཀྱི་བྱེད་ཐབས་བརྒྱུད་ནས་ཐོབ་པའི་དཔང་རྟགས་དཔྱད་ཡིག་ཚང་མ་དོ་བདག་གིས་མཁོ་འདོན་བྱ་དགོས་པའི་རེ་བ་མི་འདོན་པར། རྩིས་ཐོ་མ་གཏོགས་དཔང་རྟགས་གཞན་གཅིག་ཀྱང་མེད་པ་རྣམས་ཀྱི་གཞུང་དཔང་ལ་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཇེ་མཐོར་ཕྱིན་ཡོད།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།