ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།
  ས་དེའི་དུས་ཚོད་ཟླ11ཚེས17ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པ་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་མོ་སི་ཁི་ཉིས་ལྟེ་གནས་སུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས། 《ཐོག་མའི་བསམ་འདུན་མི་བརྗེད་པར་མཐུན་སྒྲིལ་མཉམ་ལས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕར་གཞིར་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་དུས་བཅད་ཚོགས་འདུའི་ལམ་སྲོལ་དངོས་སུ་བཙུགས་པའི་ཚུན་ལ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཧྲིལ་པོའི་སྒོ་འབྱེད་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་དེ། ས་ཁོངས་ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན། དཔལ་འབྱོར་ལག་རྩལ་འཕེལ་རྒྱས། དངོས་ཟོག་མི་སྣ་འཁོར་རྒྱུག་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ནས། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་པའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བྱས་རྗེས་ངོ་མཚར་ཅན”བསྐྲུན་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་སྔར་ལས་ཇེ་མགྱོགས་སུ་འཕེལ་བཞིན་ཡོད་པའི་དབང་གིས། འཛམ་གླིང་གི་དཔལ་འབྱོར་ལ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་ཡོད་པས། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཡིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་དུས་རབས་ཀྱི་འགན་འཁྲི་སྔར་ལས་ཆེ་བ་ཕྲག་ཏུ་འཁུར་བཞིན་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མགོ་ཁྲིད་པ་ཡིན་པའི་ཆ་ནས། ང་ཚོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གང་འདྲ་ཞིག་དུས་རབས་འདིའི་དུས་དཀྱིལ་དུ་ཁྲིད་དགོས་སམ། ང་ཚོས་ཇི་ལྟར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འཕེལ་རྒྱས་ཀྱི་མ་འོངས་པའི“རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ” བསྐྲུན་དགོས། ང་ཚོས་འཕེལ་རིམ་དེའི་ཁྲོད་ཇི་ལྟར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པ་ལྟ་བུའི་དྲི་བ་མང་པོར་བསམ་གཞིགས་གཏིང་ཟབ་གཏོང་དགོས་ཞེས་གསུངས།

ས་དེའི་དུས་ཚོད་ཟླ11ཚེས17ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པ་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་མོ་སི་ཁི་ཉིས་ལྟེ་གནས་སུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས། 《ཐོག་མའི་བསམ་འདུན་མི་བརྗེད་པར་མཐུན་སྒྲིལ་མཉམ་ལས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕར་གཞིར་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ། འགན་འཁུར་བའི་བསམ་པ་བཅངས་ནས། དུས་རབས་ཀྱི་འབོད་སྒྲར་ཨ་ལན་སྟེར་རྒྱུ་དང་། མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ། པུའུ་ཐི་ལ་ཅཱ་ཡའི་བསམ་འདུན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྒོ་འབྱེད་དང་གསོན་ཤུགས། བརྟན་པོ། ཞི་བདེ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཐུན་མོང་སྒྲིག་གཞི་བསྐྲུན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་དང་བུ་རབས་ཚ་རྒྱུད་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་འབད་དགོས། གཅིག་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་སྒོ་འབྱེད་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་ཀུན་ཕན་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མ་འོངས་པའི“རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ”བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུངས།

ཐེངས་འདིའི་ཚོགས་འདུ་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏེན་གྱིས་མགོ་འཛིན་གནང་བ་དང་། ཚོགས་འདུའི་བརྗོད་དོན་ནི། “མི་ཚང་མའི་ཆེད་དུ་བློ་བརྟན་འགྱུར་མེད་དང་རྒྱུན་མཐུད་ཐུབ་པའི་མ་འོངས་པ་བསྐྲུན་དགོས”ཞེས་པ་དེ་ཡིན།

ཚོགས་ཐོག་ནས《2023ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་ཅིག་ཅིན་ཧྲན་གྱི་ བསྒྲགས་གཏམ》ཞེས་པ་བསྒྲགས།

ཝང་དབྱི་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།