ནོར་ནག་རྨ་ཆུ་ལས་བསྐྱབས་པའི་ལེའུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།
 
 

 

  འབྲོག་པ་ཞིག་གིས་རྨ་ཆུའི་འགྲམ་དུ་ནོར་ནག70ལྷག་བསྐྱར་ཏེ་སོང་ལ།   ཕྱིར་ལོག་དུས་རྨ་ཆུ་འབྲུབ་ནས་དེ་སྔ་བསྐྱར་སའི་ཆུ་ངོགས་གླིང་ཆུང་ཆུང་ཞིག་ཏུ་གྱུར་ནས་ནོར་ནག་རྣམས་ཐར་མ་ཐུབ་པར་གླིང་ཕྲན་དུ་ཚུད་ལ། དེར་མེ་ཟོན་པ་འཕྲལ་མྱུར་རོགས་སྐྱོབ་བྱེད་དུ་བསྐྱོད་ཅིང་། ཆུ་ཚོད་གསུམ་རིང་གི་རོགས་སྐྱོབ་བརྒྱུད་ནོར་ནག་ཚང་མ་ཆུ་འགྲམ་དུ་བདེ་བླག་ངང་ཐོན་ཡོད།   དེ་ནི་ཉེ་ལམ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བྱུང་བའི་ནོར་ནག་བསྐྱབས་པའི་ལེའུ་རེད།

ཉིན་དེའི་སྔ་དྲོར། མགོ་ལོག་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་སུ་དགའ་བདེ་རྫོང་གོང་སྟོད་ཡུལ་ཚོའི་དར་ལག་རྨ་ཆུའི་ཟམ་ཆེན་ནས་བྱང་དུ་སྨི400ཡི་མཚམས་སུ་ནོར་ནག70ཆུར་ཚུད་པས་རོགས་སྐྱོར་དུ་ཡོང་དགོས་ཀྱི་ཉེན་བརྡ་འབྱོར་ལ།  མགོ་ལོག་ཁུལ་མེ་ཟོན་རོགས་སྐྱོར་ཡན་ལག་རུ་ཁག་གིས་དེ་དང་ཐག་ཆེས་ཉེ་སའི་དར་ལག་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་རླངས་འཁོར2དང་།  བཀོད་འདོམས་འཐབ་མོ་བ11བཅས་ཡུལ་དངོས་སུ་ཐག་གཅོད་བྱེད་དུ་མངགས།

ཁོ་ཚོས་རོགས་སྐྱོབ་པ་ཡུལ་དངོས་སུ་འབྱོར་མ་ཐག་ཏུ་མྱུར་ཞིབ་བྱས་ཤིང་།  ཆུ་ཁར་འཁྱགས་དར་གཡེང་འདུག་ན་ཡང་ཆུའི་བཞུར་ཚད་སྙོམས་ལ་འཇགས་པས་རོགས་སྐྱོབ་ཀྱི་ཆ་རྐྱེན་ལྡན་པས་ན།    རོགས་སྐྱོབ་པ་གསུམ་འགྱིག་གྲུ་ཆུང་ཆུང་ལ་བསྡད་ཅིང་། འབྲོག་པ་ཞིག་གིས་གྲུའི་ཁ་ལོ་བསྒྱུར་དེ་གླིང་ཕྲན་གྱི་ཕྱོགས་སུ་བསྐྱོད་པ་དང་།   ཆུའི་སྟོད་དུ་བདེ་འཇགས་པ་ཞིག་གིས་ཆུའི་བཞུར་ཚད་ལ་དུས་ངེས་མེད་དུ་ལྟ་རྟོག་བྱས། ནོར་ནག་གི་གྲངས་འབོར་ཅུང་མང་ལ་ཚང་མ་ཆུ་ལ་འཇིགས་པས་མཐར་ཆུ་ཚོད་གསུམ་ལྷག་རིང་གི་འབད་པ་བརྒྱུད་ནོར་ནག་རྣམས་རྙི་ལས་ཐར་བ་བཞིན་བརྒལ་ནས་ངོགས་སུ་བསྐྱོད།   

རྩོམ་སྒྲིག་པ། ཁོན་ཐར་འཚོ།