ཐར་ཤུལ་ཞང་གིས་ལྕི་བའི་རིག་གནས་ཀྱི་དཔྱད་བསྡུར་གཟེངས་བསྟོད་འཚོགས་འདུ་འཚོགས།

ཡོང་ཁུངས། མང་རྫོང་བརྙན་འཕྲིན་ཁང་།

རང་རེའི་དྲ་བའི་འཕྲིན། རྒྱ་ཆེའི་འབྲོག་ཁུལ་གྱི་བུད་མེད་མང་ཚོགས་ཀྱིས་རང་ངོས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ”སྐྲུན་པའི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་འབྲོག་ཁུལ་གྱི་གད་སྙིགས་གཙང་སེལ་དང་མི་རིགས་ཀྱི་ཁྱད་ཆོས་ཁྱོན་ཡོངས་ནས་སྔོག་འདོན་རྒྱུན་འཛིན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱ་ཆེད།    ཉེ་ཆར་ཐར་ཤུལ་ཞང་གིས་2023ལོའི་ལོ་འཁོར་གྱི་ལྕི་བའི་རིག་གནས་དཔྱད་བསྡུར་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། ཤང་ཏང་སྲིད་ཚན་ཁག་གི་ཁོངས་མི་དང་སྡེ་བ་ཁག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། བུད་མེད་ཀྱི་འཐུས་མི་བཅས་དང་དེ་བཞིན་སྔོན་ཐོན་མི་སྒེར་དང་ཚོགས་པ་བཅས་མི་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད།   

ཚོགས་འདུའི་ཐོག་ལག་རྩལ་བྱང་ཆུབ་པའི་བུད་མེད་56ལ་གཟེངས་བསྟོད་བྱས་ནས་ཁོ་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་ངལ་ལ་མི་སྐྲག་པར་མཛེས་སྡུག་ལྡན་པའི་ཐར་ཤུལ་གསར་པ་སྐྲུན་པའི་ལམ་བུར་གོམ་སྟབས་ཆེན་པོས་མདུན་སྐྱོད་དང་རང་ཉིད་ཀྱི་བརྩོན་སེམས་ལ་བརྟེན་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་བཏོད་པར་སྐུལ་མ་བྱས།       ཐེངས་འདིའི་གཟེངས་བསྟོད་བྱེད་སྒོ་སྤེལ་བ་བརྒྱུད། ཁྱིམ་ཚང་ཚང་མས་འཕྲོད་བསྟེན་ལ་སྣང་ཆེན་དང་འཕྲོད་བསྟེན་ལེགས་པོ་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གི་བཙོག་ཟིང་ཞན་གསུམ།   ལྕི་བ་དང་རིལ་མ་སོགས་གད་སྙིགས་གང་བྱུང་དུ་སྤུངས་པ་སོགས་ཀྱི་རྣམ་པ་སྔར་བས་ཐག་གཅོད་དང་ཇེ་ལེགས་སུ་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་བདེ་སྐྱིད་དང་མཛེས་སྡུག་གི་ཐར་ཤུལ་གསར་པ་བསྐྲུན་ཆེད་ངར་ཤུགས་བསྣན་ཡོད།     

མང་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ། སྐར་མ་རྡོ་རྗེ།     

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།