ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཚོ་སྔོན་གསར་འགྱུར།
རང་ཞིང་གིས་རང་རྟོགས་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་ལས་གཞི་ཁག4ལག་བསྟར་བྱ་རྒྱུ་རེད།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-02-27 11:27:00

  ཉེ་ལམ།  གསར་འགོད་པས་ཞིང་ཆེན་རིག་དངོས་ཅུས་ཀྲང་གི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར་རང་ཞིང་གིས་གཏེར་ལམ་ཆུ་ཁོལ་བང་སོ་དང་། ཤར་ཡ་མ་ཁི་གནའ་ཤུལ།  འབའ་རྫོང་གི་རྫོང་རི་གནའ་ཤུལ།  ཡུལ་ཤུལ་གྲོང་ཁྱེར་གྱི་བདུད་འདུལ་ཕུག་པའི་གནའ་ཤུལ་བཅས་གནའ་ཤུལ་ཁག་བཞིར་རང་རྟོགས་རང་བཞིན་གྱིས་གནའ་རྫས་སྔོག་འདོན་བྱ་རྒྱུ་དང་།  གཏེར་ལམ་ཆུ་ཁོལ་བང་སོའི་ཚོགས་ཀྱི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་གསར་འཛུགས་ལས་ཀ་སྤུས་ལེགས་པོ་འཁྱོངས་པར་སྐུལ་འདེད་བྱ་རྒྱུ་རེད། 
  རང་ཞིང་གིས་རིག་དངོས་དང་རིག་གནས་ཤུལ་རྫས་མ་ལག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ།  རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་བ་སྤེལ་བར་གྲ་སྒྲིག་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་གནས་སྤོ་མི་ཆོག་པའི་རིག་དངོས་ཀྱི་གྲངས་འབོར་དང་ཁྱབ་ཚུལ།  ཁྱད་ཆོས། ཉར་ཚགས་ཀྱི་གནས་བབ་ལ་སོགས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱ་རྒྱུ།    དམར་པོའི་སྦྱར་ཡིག་རིགས་ཀྱི་གསར་བརྗེ་རིག་དངོས་ཐོན་ཁུངས་ལ་ཆེད་དོན་རྟོག་ཞིབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དམར་པོའི་སྦྱར་ཡིག་རིགས་ཀྱི་གསར་བརྗེའི་རིག་དངོས་ཐོན་ཁུངས་ཀྱི་གྲངས་ཀའི་མཛོད་གཟུག་རྒྱུ་དང་།  རིག་དངོས་ཐོན་ཁུངས་སྙིང་བོ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་མ་ལག་འཐུས་ཚང་དུ་བཏང་སྟེ།  རྒྱལ་ཁོངས་ས་ཞིང་གི་བར་སྟོང་འཆར་འགོད་ཁྲོད་ནས་གནས་སྤོ་མི་ཆོག་པའི་རིག་དངོས་བར་སྟོང་ཚོད་འཛིན་དོ་དམ་བྱེད་ཐབས་ལག་བསྟར་བྱ་རྒྱུ།
   ད་ལོར་རང་ཞིང་གིས་རྒྱལ་ཁབ་རིག་གནས་སྤྱི་གླིང་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ལས་གཞིར་སྐུལ་འདེད་བྱས་ཏེ། 《མཚོ་སྔོན་གྱི་མིང་གི་ལྕགས་རི་རིང་པོ་སྲུང་སྐྱོབ་འཆར་འགོད(2023-2037)》འདོན་རྒྱུ་དང་།  རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད།  རྒྱང་སྐྱོད་དང་ལྕགས་རི་རིང་པོ་རྒྱལ་ཁབ་རིག་གནས་སྤྱི་གླིང་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ལས་གཞི་གལ་ཆེན་ཞིག་གསོ་སྲུང་སྐྱོབ་ལ་གསལ་ཐོ་འཐུས་ཚང་བཟོ་རྒྱུ།  འབྲི་ཆུའི་འབབ་རྒྱུད་ཀྱི་རིག་དངོས་ལ་རྟོག་ཞིབ་བཟང་པོ་བྱས་ནས་མཚོ་སྔོན་ཞིང་ཆེན་འབྲི་ཆུ་འབབ་རྒྱུད་ཀྱི་རིག་དངོས་ཐོན་ཁུངས་ཀྱི་མིང་ཐོ་བཟོས་ནས་དང་རྟོག་ཞིབ་སྙན་ཞུ་བྱ་རྒྱུ་རེད།

 ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རང་ཞིང་གིས་རང་རྟོགས་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་ལས་གཞི་ཁག4ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།